༄༅།།ཨ་རིས་ཀྲུང་གོའི་ལྒང་བུ་དེ་ཕྱིར་མི་སྤྲོད་པའི་ཐད།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 02ཚེས་08ཉིན། 13:38】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད།
གསར་འགོད་པས་ཁ་སང་ཨ་རིའི་རྒྱལ་ཁབ་བདེ་འཇགས་ཨུ་ལྷན་གྱི་མགྲིན་ཚབ་པ་གཡོད་ཧན་·ཁོ་པི་ཡིས་ལྒང་བུ་ཆག་རོ་དང་སྒྲིག་ཆས་ཀྲུང་གོར་ཕྱིར་སྤྲོད་བྱེད་རྩིས་མེད་ཅེས་བཤད་པ་དེར་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།
མའོ་ཉིང་གིས། “ལྒང་བུ་དེ་ནི་ཨ་རིའི་མ་རེད། ཀྲུང་གོའི་སྲིད་གཞུང་གིས་རང་ཉིད་ཀྱི་ཚུལ་དང་མཐུན་པའི་ཁྲིམས་མཐུན་ཁེ་དབང་མུ་མཐུད་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་”ཞེས་བཤད།