འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཇག་པས་བཙན་ཁྲིད་བྱས་པའི་མི་30བསྐྱབས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་2ཉིན། ནི་ཀྲེ་རི་ཡའི་སྐམ་དམག་འཕྲུལ་ཆས་ཅན་གྱི་ཧྲི་ཤོག་དང་པོའི་ཁོངས་སུ་གཏོགས་པའི་དཔུང་སྡེས་རྒྱལ་ཁབ་དེའི་དབུས་རྒྱུད་དང་བྱང་རྒྱུད་ཀྱི་ཁ་ཏུའུ་ནཱ་ཞིང་ཆེན་པེར་ཉིང་ཀྭ་ལི་ས་ཁུལ་དུ་ཇག་པས་བཙན་ཁྲིད་བྱས་པའི་མི་30བསྐྱབས་འདུག
   ནི་ཀྲེ་རི་ཡའི་དམག་ཕྱོགས་ཀྱི་གསལ་བསྒྲགས་ནང་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེ་དུས་དཔུང་སྡེའི་དམག་མི་ཚོས་ཁ་ཏུའུ་ནཱ་ནས་པེར་ནེ་ཀྭ་ལིའི་གཞུང་ལམ་ཐོག་སྲུང་སྐྱེལ་ལས་འགན་བསྒྲུབས་དུས། ལམ་བར་དུ་ལས་ཀར་སྐྱོད་མི་བཙན་ཁྲིད་བྱེད་མཁན་ཇག་པ་དང་འཐབ་པ་རེད། དམག་མི་རྣམས་ཀྱིས་ཇག་པ་ཐབས་མེད་ཕྱིར་ཟློག་དགོས་པར་བཟོས་པ་མ་ཟད། སྐྱོབ་མི་དེ་དག་ཉེན་མེད་ཀྱི་གནས་སུ་བསྐྱལ་བ་རེད།