འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སུང་རྒྱལ་རབས་ཀྱི་བང་སོ་སྲུང་བའི་དུད་ཚང་ཞིག་གི་རྗེས་ཤུལ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་03ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སུང་རྒྱལ་རབས་ཀྱི་བང་སོ་སྲུང་བའི་དུད་ཚང་ཞིག་གི་རྗེས་ཤུལ་རྙེད་འདུག
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས“ཚའོ་ཚའོ་ཀའོ་ལིང་དང་བང་སོ་ཁང་གི་ཕྱོགས་བསྡུས་ཞིབ་འཇུག”གིས་ཉེ་ཆར་ཞིབ་འཇུག་གི་གྲུབ་འབྲས་གསར་པ་སྤེལ་ཞིང་། ཚའོ་ཚའོ་ཀའོ་ལིང་ནུབ་ངོས་ནས་ཤེས་རྟོགས་བྱུང་བའི་སུང་ཡོན་དུས་ཀྱི་འཛུགས་སྐྲུན་གྱི་རྨང་རྡོ་ནི་སུང་བྱང་མའི་དུས་སུ་ཚའོ་ཚའོ་ཀའོ་ལིང་ལ་བཙུགས་པའི་བང་སོ་སྲུང་བའི་དུད་ཚང་ཞིག་ཡིན་སྲིད་པ་རེད། 
   ཧོ་ནན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲོའུ་ལི་ཀང་གིས། གནའ་རྫས་རྟོག་ཞིབ་མི་སྣས་ཚའོ་ཚའོ་ཀའོ་ལིང་ནུབ་གཞོགས་ཀྱི་སྨི་200ཡི་སར་སུང་ཡོན་དུས་སྐབས་ཀྱི་སོ་ཕག་གིས་ས་འོག་གི་ཆུ་འབུད་སྒྲིག་ཆས་དང་། ཨར་སྐྲུན་རྗེས་ཤུལ། རྫ་ཆས། དངུལ་ལོར། ཤོ་རྡེའུ་སོགས་ཚུད་པའི་རོལ་རྩེད་མཁོ་ཆས་དང་དེ་བཞིན་བཟོ་སྐྲུན་ལྷུ་ལག་འབོར་ཆེན་ཞིག་རྙེད་པ་ངོ་སྤྲོད་བྱས། 
   སྔོག་འདོན་བྱས་འབྲས་ཀྱིས་བདེན་དཔང་བྱས་པ་ལྟར་ན། ཆུ་འབུད་སྒྲིག་ཆས་དང་འཛུགས་སྐྲུན་རྗེས་ཤུལ་དེ་ཀའོ་ལིང་བང་སོ་ཁང་གི་བཀོད་པ་དང་ཐད་ཀར་འབྲེལ་བ་མེད། འོན་ཀྱང་། རྗེས་ཤུལ་དང་གནའ་ཤུལ་ཁྱད་ཆོས་ཀྱིས་སུང་བྱང་མའི་དུས་འགོར་ཀའོ་ལིང་ལ་བཀོད་སྒྲིག་བྱས་པའི་བང་སོ་སྲུང་བའི་དུད་ཚང་ཡིན་པའི་ཁུངས་སྣེ་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
    མིག་སྔར། དུས་འགོའི་སྔོག་འདོན་དཔྱད་ཡིག་ལེགས་སྒྲིག་དང་ཞིབ་འཇུག་ལས་དོན་ཚང་མ་ལེགས་གྲུབ་ཟིན་ཡོད། “གོམ་སྟབས་རྗེས་མའི་ཞིང་ཁའི་གནའ་རྫས་རྟོག་ཞིབ་ལས་དོན་གྱིས་ཚོད་དཔག་དེར་ཁུངས་སྣེ་དེ་བས་མང་བ་མཁོ་འདོན་ཐུབ་རེ་ཡོད་ལ། ཚའོ་ཚའོ་ཀའོ་ལིང་གི་མཐའ་འཁོར་གྱི་ལོ་རྒྱུས་ཁོར་ཡུག་གི་འཕོ་འགྱུར་ཞིབ་འཇུག་ལ་དཔྱད་གཞི་གསར་པ་མཁོ་འདོན་ཐུབ་རེ་ཡོད”ཅེས་ཀྲོའུ་ལི་ཀང་གིས་བཤད།
༄༅།།སུང་རྒྱལ་རབས་ཀྱི་བང་སོ་སྲུང་བའི་དུད་ཚང་ཞིག་གི་རྗེས་ཤུལ་རྙེད་འདུག