འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བྱུག་རྫས་འདི་རིགས་འཕྲལ་ཏུ་བཙོང་མཚམས་འཇོག་དགོས།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དྲ་ཚིགས་སུ་གཏན་འབེབས་དང་མི་མཐུན་པའི་མཛེས་འདོན་བྱུག་རྫས་ཁག་70ཁྱབ་བསྒྲགས་བཏང་ཡོད། དེའི་ནང་སྐྲ་རྩི་དང་། སྐྲ་འཁྲུད་རྫས། སོ་སྨན་སོགས་ཐོན་རྫས་མང་པོ་དང་འབྲེལ་བ་ཡོད་པ་མ་ཟད། འབྲེལ་ཡོད་བྱུག་རྫས་གཉེར་སྐྱོང་མཁན་ལ་འཕྲལ་མར་འབྲེལ་ཡོད་མཛེས་འདོན་བྱུག་རྫས་གཉེར་སྐྱོང་བྱེད་མཚམས་འཇོག་ཏུ་བཅུག་ཡོད། བརྡ་ཁྱབ་ཀྱི་ནང་དོན་ཆ་ཚང་གཤམ་གསལ།
   རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུས་ཀྱི་གཏན་འབེབས་དང་མི་མཐུན་པའི་མཛེས་འདོན་བྱུག་རྫས་ཁག་70ཡི་སྐོར་གྱི་བརྡ་ཁྱབ།(2023ལོའི་ཨང་5པ།) 
2022ལོའི་རྒྱལ་ཁབ་མཛེས་འདོན་བྱུག་རྫས་ལྟ་སྐུལ་དང་འཐེན་བཤེར་ལས་དོན་ཁྲོད་ཅང་སུའུ་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཞིབ་བཤེར་ཞིབ་འཇུག་ཁང་སོགས་ཚན་པས་ཞིབ་དཔྱད་བྱས་པ་བརྒྱུད། ཀོང་ཀྲོའུ་གྲོང་ཁྱེར་ཅ་ཐུང་མཛེས་འདོན་བྱུག་རྫས་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ཨའེ་པེ་ཨེར་དྲི་ཞིམ་བྱུག་རྫས(རང་བྱུང་ནག་པོ)སོགས་མཛེས་འདོན་བྱུག་རྫས(སོ་སྨན་ཚུད་པ)ཁག་70གཏན་འབེབས་དང་མཐུན་གྱི་མེད།
   《མཛེས་འདོན་བྱུག་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་སྲོལ་ཡིག》དང《མཛེས་དོན་བྱུག་རྫས་ཐོན་སྐྱེད་དང་གཉེར་སྐྱོང་ལ་ལྟ་སྐུལ་དོ་དམ་བྱེད་ཕྱོགས་སྐོར་གྱི་བྱ་ཐབས》ལ་གཞིགས་ནས། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ལེའོ་ཉིང་དང་། ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། ཧུའུ་ནན། ཀོང་ཏུང་། ཡུན་ནན་ཞིང་ཆེན་བཅས་ཀྱི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་ལ་གོང་གསལ་གཏན་འབེབས་དང་མི་མཐུན་པའི་མཛེས་འདོན་བྱུག་རྫས་དང་འབྲེལ་བའི་ཐོ་འགོད་མཁན།  ཟིན་ཐོ་འགོད་མཁན། མངགས་བཅོལ་དང་ལེན་ཐོན་སྐྱེད་ཁེ་ལས། ས་ཁོངས་ནང་གི་འགན་འཁུར་བ་བཅས་ཀྱིས་ཁྲིམས་ལྟར་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་ཏེ་འབྲེལ་ཡོད་ཁེ་ལས་ལ་འཕྲལ་མར་ཁྲིམས་ལྟར་ཉེན་ཁ་ཚོད་འཛིན་གྱི་བྱ་ཐབས་སྤྱོད་པ་དང་འབྲེལ་རང་བཤེར་དག་ཐེར་བྱེད་དུ་འཇུག་དགོས་པའི་བླང་བྱ་བཏོན་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྲེལ་ཡོད་མཛེས་འདོན་བྱུག་རྫས་གཉེར་སྐྱོང་མཁན་ལ་གོང་གསལ་གྱི་མཛེས་འདོན་བྱུག་རྫས་འཕྲལ་མར་གཉེར་སྐྱོང་བྱེད་མཚམས་འཇོག་རྒྱུའི་བཀའ་བཏང་སྟེ། ཚོང་ཟོག་དེ་དག་ནང་འདྲེན་གྱི་ཟིན་ཐོ་སོགས་ལ་ཁྲིམས་ལྟར་བརྟག་དཔྱད་བྱས་ནས། ཁྲིམས་འགལ་ཐོན་རྫས་ལ་ཁུངས་འདེད་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས་པ་དང་། བྱས་ཉེས་བསགས་པའི་དོགས་པ་ཡོད་རིགས་བཅའ་ཁྲིམས་ལྟར་སྤྱི་བདེ་ལས་ཁུངས་ལ་སྐྱེལ་སྤྲོད་བྱ་དགོས།
རྒྱལ་ཁབ་སྨན་རྫས་ལྟ་སྐུལ་དོ་དམ་ཅུས། 
2023ལོའི་ཟླ་1ཚེས་19ཉིན།