འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱུད་བཤུས་ལག་རྩལ་ཐད་ལ་ཐོལ་བརྒལ་གསར་པ་བྱུང་ཡོད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་02ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།རྒྱུད་བཤུས་ལག་རྩལ་ཐད་ལ་ཐོལ་བརྒལ་གསར་པ་བྱུང་ཡོད།
   མི་དམངས་དྲ་བའི་འཕྲིན། ཉེ་ཆར། ནུབ་བྱང་ཞིང་ནགས་ཚན་རྩལ་སློབ་ཆེན་བ་མོའི་གསོ་སྤེལ་ལས་རིགས་གསར་གཏོད་ཚོགས་པས་སྐྱེད་སྲིང་བྱས་པའི“རྒྱུད་བཤུས་བ་མོ”བདེ་བླག་ངང་རྩེབ་པ་རེད། དེ་ནི་རྒྱལ་ནང་དུ་གཟུགས་གཞིའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་སྤྱད་དེ་བྱེ་བྲག་སོན་རྒྱུ་སླར་གསོ་དང་ཉར་ཚགས་བྱས་པ་དང་། རྒྱུད་བཟང་བ་མོ་གསོ་སྤེལ་ཐད་སྤྱད་པ་ཡིན་ཞིང་། གཟུགས་གཞིའི་ཕྲ་ཕུང་གི་རྒྱུད་བཤུས་ལག་རྩལ་དེ་རྒྱུད་བཟང་བ་མོ་སྐྱེད་སྲིང་བྱེད་པའི་ཁྲོད་འགག་རྩའི་གནས་བབ་ཀྱི་ཐོལ་བརྒལ་གསར་པ་བྱུང་ཡོད་པ་རེད།
   རྒྱུད་བཤུས་བ་མོའི་ལྗིད་ཚད་ལ་སྟོང་ཁེ་56.7དང་། གཟུགས་པོའི་མཐོ་ཚད་ལ་ལི་སྨི་76 རིང་ཚད་ལ་ལི་སྨི་113ཡོད། རྩེབས་ནས་ཆུ་ཚོད་ཕྱེད་ཀ་ཙམ་འགོར་རྗེས་འོ་མ་འཐུང་བ་དང་། བདེ་ཐང་ལ་བརྟག་དཔྱད་བྱས་པ་རེད། མདོག་དང་ལུས་པོའི་ཕྲ་ཕུང་ནི་ལུས་སྤྲོད་བ་མོ་དང་གཅིག་འདྲ་རེད། མིག་སྔར་རྟེན་གཞི་གཅིག་ཏུ་སྔ་རྗེས་སུ་བེའུ་3རྩེབས་འདུག 
༄༅།།རྒྱུད་བཤུས་ལག་རྩལ་ཐད་ལ་ཐོལ་བརྒལ་གསར་པ་བྱུང་ཡོད།