འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་འགོ་ཁྲིད་འདི་གཉིས་གཞུང་གཏུག་བྱས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཚེ་རིང་འགྱུར་མེད་ནས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་དོན་ཁྲིམས་ལྟར་གཞུང་གཏུག་བྱས། 
ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཨུད་ཀྱི་དེ་སྔའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཚེ་རིང་འགྱུར་མེད་(ཐིང་རིམ་པ་གཞོན་པ་)ནས་ལྐོག་རྔན་བླངས་པའི་ཉེས་བསགས་དོགས་ཡོད་གྱོད་དོན་དེར། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་བཙུགས་དོ་དམ་བྱས་པ་བརྒྱུད། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཉིང་ཁྲི་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་གཞུང་གཏུག་བྱས་པ་རེད། 
    ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་རིམ་དུ། ཞུ་སྦྱོར་ཕྱི་མ་བ་ཚེ་རིང་འགྱུར་མེད་ལ་ཁྲིམས་ལྟར་གཏུག་བཤེར་བྱེད་དབང་ཤེས་སུ་བཅུག་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་ཁྲིམས་ལྟར་འདྲི་རྩད་བྱས་ནས་དག་འབུད་བྱེད་མཁན་གྱི་བསམ་འཆར་ཡང་ཉན་དུ་བཅུག་ཡོད། ཉིང་ཁྲི་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན་དུ། ཞུ་སྦྱོར་ཕྱི་མ་བ་ཚེ་རིང་འགྱུར་མེད་ཀྱིས་དེ་སྔ་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། དེ་བཞིན་ཆབ་མདོ་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་། ཆབ་མདོ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་བཅས་ཀྱི་གོ་གནས་ཀྱི་སྟབས་བདེ་སྤྱད་དེ། གཞན་ལ་ཁེ་ཕན་དོན་གཉེར་བྱས་པ་དང་གཞན་གྱི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་པ་གྲངས་འབོར་ཧ་ཅང་ཆེ་བས། ལྐོག་རྔན་བླངས་པའི་ཉེས་པར་བརྩིས་ནས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་བཏང་བ་རེད།
    བོད་ལྗོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་དབྱང་ཏུང་ཧྲེན་ནས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་དོན་ཁྲིམས་ལྟར་གཞུང་གཏུག་བྱས་པ། 
 ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་གྲོང་སྤྱི་གཞོན་པ་དབྱང་ཏུང་ཧྲེང་(ཐིང་རིམ་པ་གཞོན་པ་)ནས་ལྐོག་རྔན་བླངས་པའི་ཉེས་བསགས་དོགས་གཞི་ཡོད་པའི་གྱོད་དོན་དེར། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་དམིགས་བཙུགས་དོ་དམ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད། 
ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་ཁྲིམས་སྦྱོར་བྱེད་རིམ་ནང་། ཞུ་སྦྱོར་ཕྱི་མ་བ་དབྱང་ཏུང་ཧྲེན་ལ་གཏུག་བཤེར་བྱེད་དབང་ཡོད་པ་བཅའ་ཁྲིམས་ལྟར་གསལ་བཤད་བྱས་པ་མ་ཟད། ཞུ་སྦྱོར་ཕྱི་མ་བར་བཅའ་ཁྲིམས་ལྟར་འདྲི་རྩད་བྱས་ནས་དག་འབུད་བྱེད་མཁན་གྱི་བསམ་འཆར་ཉན་དུ་བཅུག་པ་རེད། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན་དུ། ཞུ་སྦྱོར་ཕྱི་མ་བ་དབྱང་ཏུང་ཧྲེང་གིས་དེ་སྔ་ནག་ཆུ་ས་ཁུལ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་དང་། ཀྲུའུ་རེན་གཞོན་པ། ཀྲུའུ་རེན། དེ་བཞིན་ནག་ཆུ་ས་ཁུལ་ཚོང་དོན་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། ནག་ཆུ་ས་ཁུལ་འཛུགས་སྐྲུན་ཅུས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། ནག་ཆུ་ས་ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་(གྲོང་སྲིད་དོ་དམ་ཅུས་)ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཅུས་ཀྲང་། ནག་ཆུ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་ཀྲོན་ཡོན་གཞོན་པ། ནག་ཆུ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་སོགས་པའི་གོ་གནས་ཐད་ཀྱི་སྟབས་བདེར་བརྟེན་ནས། གཞན་ལ་ཁེ་ཕན་དོན་གཉེར་བྱེད་རོགས་བྱས་པ་དང་། གཞན་གྱི་རྒྱུ་ནོར་ཁྲིམས་འགལ་ངང་བླངས་པ་གྲངས་འབོར་ཧ་ཅང་ཆེ་བས། ལྐོག་རྔན་བླངས་པའི་ཉེས་པར་བརྩིས་ནས་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་བདའ་འདེད་བཏང་བ་རེད།