འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་གྱིས་དུས་ཚིགས་དང་པོར་གཙོ་གནད་ཐོན་ལས་རྣམ་གྲངས་675གསར་དུ་ལས་འགོ་འཛུགས་
རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 02ཚེས་01ཉིན། 10:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་1ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་28ཉིན། ཡུན་ནན་གྱིས་2023ལོའི་དུས་ཚིགས་དང་པོའི་ཐོན་ལས་རྣམ་གྲངས་གལ་ཆེན་བཀོད་གཏོང་དང་ལས་འགོ་འཛུགས་པའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་རེད། འདི་ལོའི་དུས་ཚིགས་དང་པོར་ཡུན་ནན་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་རྣམ་གྲངས་675ལས་འགོ་འཛུགས་རྒྱུ་ཡིན་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1973གཏོང་རྒྱུ་དང་ལོ་འཁོར་ནང་མ་དངུལ་སྒོར་དུང་ཕྱུར་764གཏོང་རྩིས་ཡོད་པ་རེད།
    རྣམ་གྲངས་ཀྱི་འཆར་འགོད་ཡི་གེ་གཞིར་བཟུང་། ནུས་རྒྱུ་ཕུད་པའི་བཟོ་ལས་རྣམ་གྲངས་228དང་། ནུས་རྒྱུའི་བཟོ་ལས་རྣམ་གྲངས་61 ཞིང་ལས་རྣམ་གྲངས་268 གྲངས་འཛིན་དཔལ་འབྱོར་རྣམ་གྲངས་32 རིག་གནས་ཡུལ་སྐོར་རྣམ་གྲངས་86བཅས་ཡོད་པ་རེད། ཁུན་མིང་དང་ཆུས་ཅིང་དུ་ལས་འགོ་ཚུགས་པའི་རྣམ་གྲངས་100ལས་བརྒལ་བ་དང་། ཁུན་མིང་དང་། ཆུས་ཅིང་། ཧུང་ཧོ་བཅས་སུ་ལས་འགོ་ཚུགས་པའི་རྣམ་གྲངས་ཀྱི་ལོ་འཁོར་གྱི་འཆར་གཞིའི་མ་དངུལ་སྒོར་དུང་ཕྱུར་100ལས་བརྒལ་བ། ཡུན་ནན་དབུས་ཁུལ་གྱི་ཀྲོའུ(གྲོང་ཁྱེར)5ཡི་འཕེལ་ཕྱོགས་བཟང་བ། ལས་འགོ་ཚུགས་པའི་རྣམ་གྲངས་ཁ་ཤས་དང་ལོ་འཁོར་གྱི་འཆར་གཞིའི་མ་འཇོག་གཞི་ཁྱོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་60%ཙམ་བཟུང་ཡོད།
    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་ཡུན་ནན་གྱིས་ཐོན་ཁུངས་དཔལ་འབྱོར་དང་། འགག་སྒོའི་དཔལ་འབྱོར། གླིང་ཁུལ་གྱི་དཔལ་འབྱོར་བཅས་སྟོབས་ཆེར་གཏོང་རྒྱུར་དམིགས་ནས་ཐོན་ལས་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1གཏོང་རྒྱུའི་གཏན་འཁེལ་བྱས་པ་དེས་མ་འཇོག་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་50%ཡན་ཟིན་རྒྱུའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་ཏེ་ས་གནས་ཁག་གི་ལེགས་ལྡན་ཐོན་ཁུངས་ཐོན་ལས་ཅན་དུ་མགྱོགས་མྱུར་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དང་། ཕྱིར་ཕྱོགས་དཔལ་འབྱོར་ནས་གཙོ་གནད་འགག་སྒོར་ཕྱོགས་པར་སྐུལ་འདེད་གཏོང་རྒྱུ། གཙོ་གནད་གླིང་ཁུལ་གྱིས་དེང་རབས་ཐོན་ལས་ཚོ་འདུས་མགྱོགས་མྱུར་གཏོད་པར་སྐུལ་འདེད་གཏོང་རྒྱུ་བཅས་རེད།