འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གསའ་བཞི་མཉམ་དུ་ཐོན་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་30ཉིན། 16:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གསའ་བཞི་མཉམ་དུ་ཐོན་པ།
    མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་དུར་ལམ་རྫོང་སྒུ་རུ་ཞང་གི་ཉེ་འགྲམ་དུ། ས་གནས་དེ་གའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་རོགས་སྐྱོབ་ས་ཚིགས་ཀྱི་ལས་དོན་མི་སྣས་གསའ་བཞི་མཉམ་གཅིག་ཏུ་ཐོན་པའི་པར་རྩ་ཆེན་ཞིག་ལེན་ཐུབ་པ་རེད།
   གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན་ཞིང་།ས་བབ་མཐོ་བའི་སྣོད་བཅུད་མ་ལག་སྐྱོན་བྲལ་ཡིན་མིན་ལ་དཔྱད་དཔོག་བྱེད་པའི“རླུང་གནོན་འཇལ་ཆས”ཤིག་རེད། ཉེ་བའི་ལོ་ཤས་རིང་།ས་གནས་དེ་གའི་སྣོད་བཅུད་སྲུང་སྐྱོབ་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་པ་དང་སྦྲགས། དེ་གར་འཚོ་སྡོད་བྱེད་པའི་གསའ་ཡི་གྲངས་འབོར་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད།
༄༅།།གསའ་བཞི་མཉམ་དུ་ཐོན་པ།