འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནོད་སྐྱོན་འདིའི་ཁྲོད་མི་4རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་29ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་29ཉིན། ནེའུ་ཙི་ལན་གྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁེ་ལན་གྲོང་ཁྱེར་དུ་རྒྱུན་མཐུད་ངང་དྲག་ཆར་བབས་པ་དང་ཆུ་ལོག་བྱུང་ནས་མི་4རྐྱེན་ལམ་དུ་ཤོར་ཡོད།
     ཨའོ་ཁེ་ལན་གྲོང་ཁྱེར་ལ་ཟླ་1ཚེས་27ཉིན་གྲོང་ཁྱེར་དེའི་ལོ་རྒྱུས་ཐོག་གི་ཆར་པ་ཆེ་ཤོས་བབས་ཡོད། གྲོང་ཁྱེར་གྱི་འགོ་འཛིན་ཝུའེ་ཨེན•པུ་ལང་གིས་ཚེས་27ཉིན་གྱི་དགོང་མོ་གྲོང་ཁྱེར་དེ་ཡོངས་ཛ་དྲག་གི་རྣམ་པར་སླེབས་པ་དང་། དུས་ཡུན་གཟའ་འཁོར་གཅིག་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ཨའོ་ཁེ་ལན་གྱི་འབྲེལ་ཡོད་སྡེ་ཁག་གིས་བཀོད་སྒྲིག་བྱ་ཡུལ་3གྱི་སྒོ་ཕྱེ་ནས། ཆར་བ་བབས་པ་དང་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པའི་མང་ཚོགས་སྣེ་ལེན་བྱས་ཡོད།