འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མགོ་སྐོར་རིགས་འདི་ལ་གཟབ་གཟབ་བྱོས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་28ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     དཔྱིད་གསར་དུས་ཆེན་མཇུག་བསྒྲིལ་ནས་ཚང་མས་ལོ་གསར་བའི་ལས་ཀ་བསུ་གྲབས་ཡོད། ཕྱིར་ལས་ཡུལ་དུ་ལོག་པའི་སྐབས་སུ་མགོ་སྐོར་འདི་དག་ལ་མཉམ་འཇོག་བྱ་དགོས། 
     དཔྱིད་གསར་སྐྱེལ་འདྲེན་རིང་། སྐུ་ཞབས་ཁྲེན(མིང་ཚབ)ལ་འཕྲིན་ཐུང་ཞིག་འབྱོར་བར་སྐུ་ཞབས་ཁྲེན་ལ་ETCའགྲོ་ལམ་བཀག་ཟིན་པས་འཕྲིན་ཐུང་ནང་གི་དྲ་ངོས་སྦྲེལ་ཐག་ལ་སྦྲེལ་མཐུད་བྱས་ནས་ར་སྤྲོད་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད། སྐུ་ཞབས་ཁྲེན་གྱིས་འཕྲིན་ཐུང་དྲ་ཚིགས་ཀྱི་སྦྲེལ་མཐུད་མནན་པ་དང་འབྲེལ། དྲ་ཚིགས་ཀྱི་བླང་བྱ་ལྟར་དངུལ་ཁང་ཁཱ་ཡི་ཆ་འཕྲིན་དང་ཐོབ་ཐང་ཆ་འཕྲིན་སོགས་ཀྱི་ནང་དོན་བྲིས་པས་མགོ་སྐོར་གཏོང་མཁན་གྱིས་སྒོར་ཁྲི་ཙམ་བརྐུས་ཏེ་འཛད་སྤྱོད་བྱས་པ་རེད།
     གནམ་གྲུའི་སྤ་སེ་ཚབ་ཉོ་ཡི་གཡོ་ཇུས། 
     ཉེ་ཆར། བུད་མེད་ཝང་(མིང་ཚབ)ལ་གྲོགས་པོས་བསྐུར་བའི་སྒེར་གྱི་འཕྲིན་ཡིག་འབྱོར་ནས། ཕྱི་རྒྱལ་དུ་རྒྱལ་ནང་གི་appཐོ་འགོད་བྱེད་ཐབས་མེད་པས་རང་རྒྱལ་དུ་ཕྱིར་ལོག་པའི་གནམ་གྲུའི་སྤ་སེ་ཡོད་མེད་འདྲི་རྩད་བྱ་རོགས་ཀྱི་རེ་བ་ཡོད་ཅེས་བཤད། སྤྱི་ཚོགས་འབྲེལ་བའི་ལས་སྟེགས་ཀྱི་གྲོགས་པོ་ཡིན་པའི་དབང་གིས་ཝང་ལགས་ཀྱིས་ཕ་རོལ་བའི་ཐོབ་ཐང་ལ་དོགས་པ་མ་སྐྱེས་པར། ཕ་རོལ་བའི་བསླུ་བྲིད་འོག“གནམ་གྲུའི་སྤ་སེའི་རིན”སྤྲད། ཕྱིས་སུ་གྲོགས་པོས་ཁ་པར་བཏང་བས་ཝང་གིས་གཞི་ནས་རང་ཉིད་ལ་མགོ་སྐོར་ཐེབས་པ་ཤེས།
     ལས་འགན་གཅིག་ལྕོགས་ཀྱི་བྲིན་རྫུའི་གཡོ་ཇུས། 
     བུད་མེད་ལི་ཡིས(མིང་ཚབ)དཔྱིད་གསར་དུས་ཆེན་རིང་རྩ་གཉིས་ཨང་རྟགས་བཤར་ནས་ཚོགས་པ་ག་གེ་མོར་ཞུགས་ཤིང་། ཚོགས་གཙོས“ཁྱིམ་དུ་བསྡད་རུང་སྒོར་མོ་བཙལ་ཆོག”ཅེས་དང་། “ལོ་སར་སྐབས་སྒོར་མོ་བཙལ་ཆོག”ཅེས་བཤད་པ་དང་། ཚོགས་པའི་ནང་གི་གྲོགས་པོ་ཚོས་ཀྱང་པར་རིས་བསྟན་ནས་བདེན་དཔང་བྱས་པ་རེད། བུད་མེད་ལི་ལགས་ཀྱིས་ཐེངས་ཁ་ཤས་ལ་ཚོད་ལྟ་བྱས་པར་ཡོང་སྒོ་མི་ཉུང་བ་ཞིག་རྙེད་བྱུང་། ཕྱིས་སུ་ཚོགས་གཙོ་ཡི་གྲོས་འཆར་ལ་གཞིགས་ནས་APPག་གེ་མོ་ཞིག་ཕབ་ལེན་བྱས་ཏེ་མུ་མཐུད་དུ་སྒོར་མོ་མང་པོ་APPནང་བསྡུས་པ་རེད། དངུལ་དེ་དག་ཕྱིར་ལེན་མ་ཐུབ་པར་ཚོགས་གཙོ་ལ་ཇི་ལྟར་ཐག་གཅོད་བྱེད་དགོས་པའི་སྐོར་འདྲི་བསམ་དུས། ཚོགས་པ་དེ་སྔ་མོ་ནས་གཏོར་ཟིན་འདུག 
     མྱུར་སྐྱེལ་སྐྱིན་ཚབ་འཇལ་བའི་གཡོ་ཇུས། 
     སྐུ་ཞབས་ཀྲའོ(མིང་ཚབ)ལ་མྱུར་སྐྱེལ་ཞབས་ཞུ་བ་ག་གེ་མོ་ཞིག་གི་ཁ་པར་ཞིག་འབྱོར་ཏེ། ཁོ་ལ་མྱུར་སྐྱེལ་དེ་དཔྱིད་གསར་དུས་ཆེན་གྱི་ཟོག་འདྲེན་བྱེད་རིང་ཆག་སྐྱོན་བྱུང་ཡོད་པས། སྐུ་ཞབས་ཀྲའོ་ཡིས་གོ་རིམ་ལྟར་ལས་དགོས་པ་དང་། ཟོག་འདྲེན་ཀུང་སིས་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་སྐྱིན་ཚབ་འཇལ་ཆོག་ཅེས་བཤད་པ་རེད། སྐུ་ཞབས་ལི་ཡིས་དེ་སྔོན་ལོ་གསར་གྱི་མཁོ་ཆས་ཉོས་ཡོད་མོད། དེ་སྤྲོད་པའི་དུས་ཚོད་ལས་གཡོལ་བར་སེམས་ཁྲལ་བྱེད་ཀྱི་ཡོད་པས“འགྲུལ་ཞབས་པའི”བླང་བྱ་ལྟར་ཆ་འཕྲིན་ནང་འཇུག་བྱས་པས་རྒྱུ་དངུལ་གཡོ་ལེན་བྱས་པ་རེད།
     “ཁུག་དམར་འཕྲོག་”པའི་གཡོ་ཇུས། 
     དཔྱིད་གསར་དུས་ཆེན་གྱི་སྐབས་སུ། བུད་མེད་ཀྲོའུ(མིང་ཚབ)གྲོགས་པོས་མཚམས་སྦྱོར་བྱས་ཏེ་ཁུག་དམར་འཕྲོག་པའི་སྐད་འཕྲིན་ཚོགས་པའི་ནང་དུ་ཞུགས། ཁུག་དམར་འགའ་འཕྲོག་རྗེས་མི་ཞིག་གིས་ཚོགས་པའི་ནང་དུ་སྦྲེལ་མཐུད་ཅིག་བསྐུར་བ་དང་། མཚར་སེམས་ཆེན་པོས་སྐུལ་འོག ཀྲོའུ་ཡིས་སྦྲེལ་མཐུད་མནན་རྗེས་APP་ག་གེ་མོ་ཞིག་ཕབ་འཇུགག་བྱས་པ་དང་། ཕ་རོལ་བའི་མཛུབ་ཁྲིད་འོག་དེ་རྗེས་ཀྱི་ལས་འགན་སྒྲུབ་པ་རེད། རྗེས་སུ་APPནང་གི་སྒོར་མོ་ལེན་མ་ཐུབ་པ་མ་ཟད། སྒོར་ཁྲི་5ལྷག་གྱོང་གུན་ཐེབས་པ་ཤེས།