འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདི་གསུམ་འཛིན་རྒྱུའི་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲང་ཝུན་ཧྥུ་དང་། ཁྲེན་ཕེང་ཧྥེ། ཁྲེན་ཀྲི་ཀང་བཅས་ཁྲིམས་ལྟར་སོ་སོར་འཛིན་རྒྱུའི་ཐག་བཅད་པ་རེད། 
     ཀུའེ་ཀྲོའུ་ཞིབ་དཔྱོད་ལས་ཁུངས་ཀྱིས་ཀྲང་ཝུན་ཧྥུའུ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།
     ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། ལས་ཁུངས་ཀྱི་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲང་ཝུན་ཧྥུའུ་(ཐིང་རིམ་པ་རྒན་པ་)ཡིས་ལྐོག་རྔན་བླངས་པ་དང་དབང་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ། ཀུའེ་ཀྲོའུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཀུའེ་ཀྲོའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། པི་ཅེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། པི་ཅེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དང་དབང་ཤུགས་སྤྱད་དེ་ལྐོག་རྔན་བླངས་པའི་མིང་ཐོག་ནས་ཀྲང་ཝུན་ཧྥུའུ་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་ཐག་གཅོད་བྱེད་སྒང་རེད། 
     ཧྲན་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲེན་ཕུང་ཧྥེ་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད།
     ཧྲན་ཞི་ཞིང་ཆེན་ཁྲང་ཀྲེ་གྲོང་ཁྱེར་གྱི་དེ་སྔའི་ཞིང་ཆེན་འགོ་འཛིན་གཞོན་པ་ཁྲེན་ཕུང་ཧྥེ་(ཐིང་རིམ་པ་གཞོན་པ་)ཡིས་ལྐོག་རྔན་བླངས་པའི་དོགས་ཡོད་གྱོད་གཞི་དེ། ཧྲན་ཞི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཧྲན་ཞི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཐག་གཅོད་བྱ་རྒྱུར་སྤྲད་པ་བརྒྱུད། ཡུན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཡུན་ཁྲེང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་མིང་ཐོག་ནས་ཁྲེན་ཕུང་ཧྥེ་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་ཐག་གཅོད་བྱེད་སྒང་རེད། 
     ལིའོ་ཉིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲེན་ཀྲི་ཀང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད། 
     ལིའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་དེ་སྔའི་གྲོང་ཁྱེར་འགོ་འཛིན་གཞོན་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཁྲེན་ཀྲི་ཀང་(ཐིང་རིམ་པ་གཞོན་པ་)གིས་ལྐོག་ཟ་དང་ལྐོག་རྔན་བླངས་པའི་གྱོད་གཞི་དེ། ལིའོ་ཉིང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ལིའོ་ཉིང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་སྐྱོང་བདག་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཧྲེན་དབྱང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་ཟའི་ཉེས་གསོག་དང་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་ཡོད་མིང་ཐོག་ནས་ཁྲེན་ཀྲི་ཀང་ཁྲིམས་ལྟར་འཛིན་རྒྱུའི་ཐག་བཅད་པ་རེད། གྱོད་དོན་འདི་ཐག་གཅོད་བཞིན་པའི་སྒང་རེད།