འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རེན་ཀྲེན་ཧོ་ཞིང་ཆེན་འདིའི་འགོ་འཛིན་ལ་བདམས་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་19ཉིན། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག ཧུའུ་ཁྲང་ཧྲེང་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་ལ་བདམས་པ་དང་། འཇམ་དབྱངས་བློ་བཟང་འཇིགས་མེད་ཐུབ་བསྟན་ཆོས་ཀྱི་ཉི་མ།(བོད་རིགས།)མཱ་ཐིང་ལི(ཧུའེ་རིགས།)ཧུའུ་ཀྲུའོ། ལི་ཕེ་ཞིང་། ཡུས་ཁྲེང་ཧུའེ། ཏའེ་ཁྲའོ་བཅས་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པར་བདམས་པ་དང་། རེན་ཀྲེན་ཧོ(ཐུའུ་ཅ་རིགས)ཞིང་ཆེན་གྱི་འགོ་འཛིན་ལ་བདམས་པ་དང་། ཁྲེང་ཞའོ་པོའོ། ཀྲང་ཅིན་ཀང་། ཀྲའོ་ཅིན་ཡུན(བུད་མེད།)ལི་ཀང་། ལེ་སི་ཝེ། ཧོང་རུའེ་ཞུའེ། ཁྲེན་ཏེ་ཞིན་བཅས་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བདམས་པ་དང་། ཝང་ཧྥུ་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། ཝང་ཀྲུང་མིང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ་རེད།