འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་ཀོ་ཤར་རྒྱུད་དུ་རོ་49རྙེད་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་19ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བརྟན་ལྷིང་ཆེད་མངགས་ཚོགས་པས་བཤད་དོན། ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤར་རྒྱུད་དུ་རོ་49གང་བྱུང་དུ་དུར་འཇུག་བྱས་པའི་ས་དོང་ཞིག་རྙེད་པ་དང་། དམར་གསོད་དེ་དག་ནི་ས་གནས་དེ་གའི་ཚོ་པའི་ཡུལ་དམག་རྩ་འཛུགས་ཀྱི་ཁོང་ཀོའི་འཕེལ་རྒྱས་མཉམ་ལས་ཁང་(CODECO)གིས་བྱས་པ་རེད།      མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བརྟན་ལྷིང་ཆེད་མངགས་ཚོགས་པས། ཁོང་ཀོའི་འཕེལ་རྒྱས་མཉམ་ལས་ཁང་གིས་རྩ་འཛུགས་བྱས་པའི་དམར་གསོད་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བསྒྲགས་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་བརྟན་ལྷིང་ཆེད་མངགས་ཚོགས་པས་བསྒྲགས་དོན། དབྱི་ཐུའུ་ལི་ཞིང་ཆེན་ཉི་ཡ་མན་པ་གྲོང་ཚོར་རོ་42རྙེད་པའི་ནང་བུད་མེད་12དང་བྱིས་པ་6ཚུད་ཡོད། ཞིང་ཆེན་དེའི་ལྟེ་བའི་གྲོང་ཁྱེར་པུའུ་ཉི་ཡའི་ཤར་ཕྱོགས་ཀྱི་སྤྱི་ལེ་30ཙམ་གྱི་སར་གནས་པའི་མུའུ་པོ་ཅི་གྲོང་ཚོར་སྐྱེས་པ་7གྱི་རོ་རྙེད་ཡོད་པ་རེད།