འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདི་དག་ལ་ཁངས་ཆེན་འབབ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་20ཉིན། རང་རྒྱལ་གྱི་ས་ཆ་མང་ཆེ་བར་མུ་མཐུད་དུ་ཁ་ཆར་འདྲེས་མའི་གནམ་གཤིས་ཀྱི་རྣམ་པ་རྒྱུན་མཐུད་ཤིང་། ཅུང་ཐར་ཐོར་ཡིན་པའི་ཁ་ཆར་འདྲེས་མའི་གནམ་གཤིས་དེ་གཙོ་བོ་བྱང་ཤར་དང་ལྷོ་ནུབ་ས་ཁུལ་དུ་ཁྱབ་ཡོད། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ཞིན་ཅང་གི་བྱང་རྒྱུད་དང་ཞིན་ཅང་ལྷོ་ཕྱོགས་གཤོང་ས། ནང་སོག་གི་དབུས་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད་དང་ལྷོ་རྒྱུད། ཅི་ལིན་གྱི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་དང་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་རྒྱུད། ཧྲའན་ཞི་ཡི་ནུབ་རྒྱུད། སི་ཁྲོན་གཤོང་སའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁ་བ་ཆུང་ངུ་ནས་འབྲིང་བའམ་ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད། བོད་ལྗོངས་ནུབ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཧྥུ་ཅན་གྱི་ལྷོ་རྒྱུད། ཧའེ་ནན་ཏའོ་གླིང་ཕྲན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ནས་ཆར་འབྲིང་འབབ་རྒྱུ་རེད། དེའི་ཁྲོད། ཐའེ་ཝན་གླིང་ཕྲན་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།