འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཁོང་ཉིད་མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་ལ་བདམས་ཐོན་བྱུང་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:47】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་19ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག ཁྲེན་ཀང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་ལ་བདམས་པ་དང་། ཝང་ལི་མིང་དང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ།(བུད་མེད། བོད་རིགས།)ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལུའི་ཀང་བཅས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་གཞོན་པར་བདམས་པ་དང་། ཝུའུ་ཞའོ་ཅུན་ཞིང་ཆེན་གྱི་འགོ་འཛིན་ལ་བདམས་པ་དང་། ཝང་ཝེ་ཏུང་། ཚེ་རིང་ཐར།(བོད་རིགས།)ལིའུ་ཐའོ། དབྱང་ཀྲི་ཝུན།(ཧུའེ་རིགས།)ལིའུ་ཁྲའོ། ལི་ཧུང་ཡ། ཧོ་ལུའུ་ཁྲུན། ཝང་ཧའེ་ཧུང་།(བུད་མེད།)ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བདམས་པ་དང་། ཝང་དབྱང་ནི་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་པ་དང་། ཀྲང་ཙེ་ཅུན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བདམས་པ་རེད།