འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཐོ་རིམ་དཔོན་རིགས་འདི་གཉིས་ལ་བརྟག་དཔྱད་བྱས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:44】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་དང་རྒྱལ་ཁབ་རུ་ཁག་དོ་དམ་པུའི་པུའུ་ཀྲང་གཅིག་ལྕོགས་ཁྲེན་ཡུང་ལིའང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།  
     ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་སྐབས་བཅུ་གཅིག་པའི་ལག་བསྟར་ཨུ་ལྷན་གྱི་ཁོངས་མི་དང་། དེ་སྔའི་དྲུང་ཡིག་ཆེན་མོ་ལིའུ་དབྱི་ལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་ཅིང་། མིག་སྔར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་དང་ཧུའུ་པེ་ཞིང་ཆེན་ལྟ་ཞིབ་ཨུ་ལྷན་དུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཞིབ་བཤེར་དང་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།