འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་གི་དཔར་གཞི་ གསར་ཤོས་ཡོངས་བསྒྲགས་བྱས་པ།

——གསར་དུ་འཐུས་མཆན་བཀོད་པའི་སྨན་རྫས་ཀྱི་རིན་གོང་ཆ་སྙོམས་བཅུ་ཆ་དྲུག་ཆག་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་20ཉིན། 12:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་ལེགས་སྒྲིག་བྱས་ཚུལ་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་སྨན་རྫས་འགན་སྲུང་ཅུས་ཀྱིས་མི་སྤྱི་པུའུ་སོགས་སྡེ་ཚན་དང་མཉམ་དུ་2022ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་བ་མ་ཟད། 2022ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་གི་སྨན་རྫས་དཀར་ཆག་གི་དཔར་གཞི་ཡང་བཀྲམ་པ་རེད།
     རྒྱལ་ཁབ་སྨན་རྫས་འགན་སྲུང་ཅུས་སྨན་རྫས་ཞབས་ཞུ་དོ་དམ་སིའི་སི་ཀྲང་གཞོན་པ་ཧོང་ཤིན་ཡུས་ཀྱིས། ད་ཐེངས་ལེགས་སྒྲིག་བྱས་པའི་ཁྲོད་བསྡོམས་སྨན་རྫས་111དཀར་ཆག་ནང་གསར་དུ་བཅུག་པ་དང་སྨན་རྫས་3དཀར་ཆག་ནས་བཏོན་ཡོད། གྲོས་མོལ་དང་ཧབ་གོང་གི་གནས་ཚུལ་ནས་བལྟས་ཚེ། དཀར་ཆག་ནང་མེད་པའི་སྨན་རྫས་147གྲོས་མོལ་དང་ཧབ་གོང(དེ་སྔའི་དཀར་ཆག་ནང་གི་སྨན་རྫས་ཆིངས་མཐུད་གྲོས་མོལ་ཚུད་པ)ནང་ཞུགས་པ་དང་། སྨན་རྫས་121གྲོས་མོལ་ལམ་ཡང་ན་ཧབ་གོང་ལེགས་གྲུབ་ཟིན་ནས། སྤྱི་ཡོངས་ནས་ལེགས་གྲུབ་བྱུང་ཚད་82.3%ཟིན་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གྲོལ་མོལ་དང་ཧབ་གོང་བྱས་ནས་གསར་དུ་ཞུགས་པའི་སྨན་རྫས་དག་གི་རིན་གོང་ཆ་སྙོམས་60.1%ཆག་ཡོད། རེས་སྐོར་འདིའི་ལེགས་སྒྲིག་བྱས་རྗེས་རྒྱལ་ཁབ་ཀྱི་སྨན་རྫས་འགན་སྲུང་གི་སྨན་རྫས་དཀར་ཆག་ནང་གི་སྨན་རྫས་སྣ་ཁ་བསྡོམས་2967ཟིན་པའི་ཁྲོད་ཕྱི་ལུགས་སྨན་རྫས་སྣ་ཁ་1586དང་ཀྲུང་ལུགས་སྨན་རྫས་སྣ་ཁ་1381ཡོད། ཀྲུང་ལུགས་སྨན་རྫས་ཀྱི་སྦངས་སྨན་ལེགས་སྒྲིག་བྱས་མེད་པས་སྔར་བཞིན་སྣ་ཁ་892ཡོད་ཅེས་ངོ་སྤྲོད་བྱས་པ་རེད།