འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྨན་འདི་དག་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཚེས་18ཉིན། གསར་འགོད་པས་2022ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་བདེ་བླག་ངང་མཇུག་བསྒྲིལ་ཡོད་པ་རེད།
     རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་གྱིས་གྲོས་མོལ་བྱས་ནས་ཏོག་གསར་ནད་དུག་འགོས་པར་སྨན་བཅོས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཤིང་། ལོ་གསུམ་བསྟུད་མར་ཏོག་གསར་ནད་སྨན་བཅོས་བྱེད་པར་སྤྱོད་པའི་སྨན་དེ་སྨན་བཅོས་འགན་བཅོལ་དཀར་ཆག་ནང་འཇུག་པའི་ཆ་རྐྱེན་དུ་བརྩིས་པ་དང་། ཨ་ཙི་ཧྥུ་ཏིང་སྨན་ལྷེབ(阿兹夫定片)དང་གློ་བའི་དུག་སེལ་རིལ་བུ(清肺排毒颗粒)སོགས་སྨན་རྫས་2གྲོས་མོལ་བྱས་པ་བརྒྱུད། རིན་གོང་བཅག་ནས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྨན་རྫས་ཀྱི་དཀར་ཆག་ནང་དངོས་སུ་འཇུག་རྒྱུ་རེད། པར་གཞི་བཅུ་པའི་ཏོག་གསར་ནད་དུག་འགོས་པའི་སྨན་བཅོས་ཇུས་གཞི་དང་འབྲེལ་བ་ཡོད་པའི་ཁྲོམ་རར་ཞུགས་ཟིན་པའི་སྨན་རྫས་25ཡི་ནང་། སྣ་ཁ་21རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་ཡོད་པ་རེད།
     གཞན་ཡང་། རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་གྲོས་མོལ་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་སྨན་རྫས་དཀར་ཆག་ནང་འཇུག་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་རེད། རང་རྒྱལ་གྱིས་བཟོས་པའི་གསར་གཏོད་ཀྱི་སྨན་རྫས་གལ་ཆེན་དཀར་ཆག་ནང་འཇུག་པར་རྒྱབ་སྐྱོར་བྱས་ཤིང་། ད་ཐེངས་རང་རྒྱལ་གྱིས་བཟོས་པའི་གསར་གཏོད་ཀྱི་སྨན་རྫས་གལ་ཆེན་རིགས་24གྲོས་མོལ་ནང་བཅུག་པ་དང་། མཐར་ཨོ་ལུའེ་པ་ཐི་ཉི(奥雷巴替尼)སོགས་སྨན་རྫས་རིགས་20གྲོས་མོལ་ལམ་ལྷོངས་བྱུང་ཡོད། དེ་དང་ཆབས་ཅིག་མཐོང་དཀོན་པའི་ནད་ཀྱི་སྨན་7དང་། བྱིས་པའི་སྨན་22། གཞི་རྩའི་སྨན་རྫས་2བཅས་དཀར་ཆག་ནང་བཅུག་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྨན་རྫས་འགན་ལེན་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད་པ་རེད།