འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྒྲིག་སྲོལ་གསར་པ་འདི་ཟླ་3པར་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉིན་ཤས་གོང་སློབ་གསོ་པུས《ཆ་འཕྲིན་ལག་རྩལ་ཐོན་རྫས་ཀྱི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་ནས། ཆ་འཕྲིན་ལག་རྩལ་ཐོན་རྫས་ལ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་བྱེད་དགོས་པ་དང་རྒྱལ་ཁབ་ཀྱིས་ཁྱབ་བསྒྲགས་བྱས་པའི་སྐད་ཡིག་ཚད་ལྡན་གྱི་ཚད་གཞི་དང་མཐུན་དགོས་པའི་བླང་བྱ་བཏོན་པ་རེད།
     གཏན་འབེབས་ནང་བསྟན་དོན། ཨང་ཀི་དང་དྲ་རྒྱའི་པར་སྐྲུན་དངོས་པོར་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཉེར་སྤྱོད་བྱ་བར། རྒྱ་སྐད་ཀྱི་སྒྲ་སྦྱོར་དང་། སྤྱི་སྐད་ཀྱི་སྐད་གདངས། ཚད་ལྡན་རྒྱ་ཡིག  དེང་རབས་རྒྱ་ཡིག་གི་དབྱིབས། ཚེག་རྟགས་དང་ཨང་ཀི་སྤྱོད་སྟངས་སོགས་སྐད་ཡིག་ཚད་ལྡན་གྱི་ཚད་གཞི་དང་མཐུན་དགོས། རྒྱ་སྐད་ཀྱི་ཡུལ་སྐད་དང་། ཟོར་ལྕིའི་ཡི་གེ་དང་། འབྲི་སྲོལ་མི་འདྲ་བའི་ཡི་གེ་ཉེར་སྤྱོད་བྱ་དགོས་རིགས།《རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།
     གཏན་འབེབས་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐད་ཡིག་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་གཙོ་གཉེར་སྡེ་ཁག་དང་མཉམ་དུ་དེང་རབས་རྒྱ་ཡིག་གི་ལག་ཆའི་དཔེ་ཆའི་རིགས་ཀྱི་གྲངས་ཀ་དང་། དྲ་རྒྱའི་པར་སྐྲུན་དངོས་པོ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས། ས་གནས་ཀྱི་རིམ་པ་སོ་སོའི་སྐད་ཡིག་ལས་དོན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་འདིའི་ནང་གི་སློབ་དེབ་དང་དེང་རབས་རྒྱ་ཡིག་གི་སྐད་ཡིག་ལག་ཆའི་དེབ་ལས་གཞན་པའི་གྲངས་ཀ་དང་དྲ་རྒྱའི་པར་སྐྲུན་དངོས་པོར་ལྟ་སྐུལ་ཞིབ་བཤེར་བྱེད་པའི་འགན་འཁུར་དགོས།
     2023ལོའི་ཟླ་3ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད།