འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀུའུ་ཐེ་ལི་སིས་ཀྲུང་གོའི་ལུགས་རྙིང་གི་ལོ་གསར་ལ་ཤིས་ཚིག་གནང་།  

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་18ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སིས་ཀྲུང་གོའི་ལུགས་རྙིང་གི་ལོ་གསར་ལ་ཤིས་ཚིག་གནང་བ་རེད། ཀུའུ་ཐེ་ལེ་སིས་གསུངས་དོན། ཡུས་ལོར་སླེབས་པའི་དུས་འདིར། ཁོང་གིས་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཡུས་བུས་གསོན་ཤུགས་དང་སྤྱང་གྲུང་མཚོན་ཞིང་། འདི་ནི་མིའི་རིགས་ལ་དཀའ་ཚེགས་དང་ཉམས་སད་འཕྲད་པའི་སྐབས་སུ་མཁོ་བའི་གཤིས་རྒྱུད་ཡིན། 
     ཀུའུ་ཐེ་ལེ་སིས་ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་ཟླའི་འབྲེལ་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། གོ་ལ་ཧྲིལ་པོའི་སྡེ་ཁུལ་ཞིག་ཡིན་པའི་ངོས་ནས་ལག་གདང་སྦྲེལ་ཏེ་མཉམ་ལས་བྱས་པ་བརྒྱུད། ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མི་ཚང་མར་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་རེད་ཅེས་གསུངས་པ་རེད།
     མཇུག་ཏུ་ཁོང་གིས་རེ་བ་དང་འགོ་འཛུགས་ས་གསར་རྐྱང་ཞིག་གི་ཐོག་ནས། ལྷན་རྒྱས་ལོ་གསར་པའི་ནང་སྐུ་གཟུགས་གསལ་ཐང་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།