འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་ཨུའི་འབྲེལ་བའི་ཐད་འདི་ལྟར་གསུངས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 14:22】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་18ཉིན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུ་ལུའོ་ཧྥུས་མོ་སི་ཁོར་ཨུ་རུ་སུའི་2022ལོའི་ཕྱི་འབྲེལ་ལས་དོན་ཐད་གསར་འགོད་པའི་ཚོགས་འདུ་འཚོགས་པ་རེད།
ཀྲུང་གོར་འཛིན་པའི་འབྲེལ་བའི་སྐོར་གླེང་སྐབས། ལཱ་ཧྥུ་ལུའོ་ཧྥུས་ནན་གྱིས། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ཡོད་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་རྒྱལ་ཁབ་བར་གྱི་འབྲེལ་བའི་དཔེ་མཚོན་ཡིན་ཞེས་ནན་བཤད་བྱས་ཡོད།
     ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུ་ལུའོ་ཧྥུས་བཤད་དོན། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དངོས་དོན་གཉེར་བ་དང་ཕན་ཚུན་ཡིད་ཆེས་བྱེད་པ་ནི། ཕན་ཚུན་བརྩི་འཇོག་དང་ཁེ་ཕན་དོ་མཉམ་ཡོང་བར་བརྟེན་པ་ཡིན། ཨུ་རུ་སུ་དང་ཀྲུང་གོའི་བར་གྱི་འབྲེལ་བ་ནི་རྒྱལ་སྤྱིའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་མིག་དཔེ་ཡིན་ཞིང་། རྒྱལ་ཁབ་གཉིས་པོས་《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་》ཀྱི་རྨང་གཞིའི་ཐོག་མཉམ་ལས་སྤེལ་བ་རེད།