འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་རང་རྒྱལ་གྱི་གྲོང་གསེབ་ཏུ་ཆུ་ཀ་ལ་ ཁྱབ་ཚད་88%བར་འཕར་གྱི་ཡོད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་19ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན། ཆུ་བེད་པུའི་པུའུ་ཀྲང་ལི་གོ་དབྱིང་གིས་2023ལོའི་རྒྱལ་ཡོངས་ཀྱི་ཆུ་བེད་ལས་དོན་ཚོགས་འདུའི་ཐོག་འདི་ལོ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་རང་འབབ་ཆུ་ཀ་ལ་ཁྱབ་ཚད་88%བར་འཕར་གྱི་ཡོད་པ་དང་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་གྲོང་གསེབ་ཀྱི་མི་འབོར་ལ་ཁྱབ་པའི་བསྡུར་ཚད་་57%ཟིན་གྱི་ཡོད་ཅེས་བརྗོད་པ་རེད།
     ལི་གོ་དབྱིང་གིས་2023ལོར་གྲོང་གསེབ་ཀྱི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་དར་རྒྱས་ཀྱི་ཆུ་བེད་རྨང་གཞི་བརྟན་དུ་གཏོང་གི་ཡིན། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་གཏོང་བར་ཁ་ཚ་དགོས་གཏུགས་ཡིན་པ་དང་ཞིང་པ་མང་ཚོགས་ཀྱིས་བསམ་འཆར་མང་པོ་བཏོན་པའི་ཆུ་དང་འབྲེལ་བའི་གནད་དོན་ཐག་གཅོད་གང་མགྱོགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།
     གྲོང་གསེབ་ཀྱི་ཆུ་མཁོ་འདོན་འགན་ལེན་ལ་ཤུགས་སྣོན་རྒྱག་པའི་ཐད་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་དྲ་རྒྱ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་གཅིག་ཅན་དང་། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གཞི་ཁྱོན་ཅན་གྱི་འཛུགས་སྐྲུན། ལས་གྲྭ་ཆུང་གྲས་ཚད་ལྡན་ཅན་གྱི་སྒྱུར་བཀོད་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཆུ་སྤུས་དག་ཏུ་གཏོང་བའི་ཆེད་དོན་བྱ་སྤྱོད་སྤེལ་ནས་ཆུ་འགོ་སྤུས་ལེགས་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་གཅིག་སྡུད་ཆུ་མཁོ་འདོན་ལས་གྲྭའི་གཙང་སེལ་དུག་སེལ་སྒྲིག་ཆས་བཀོད་སྒྲིག་བྱེད་ཚད་75%ཟིན་པ། ཆུ་སྤུས་ལྟ་ཞིབ་ཚད་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཆུ་འགོ་ནས་ཆུ་ཀ་ལ་བར་གྱི་ཆུ་སྤུས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཚད་གཞི་ཅན་གྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་གྱི་གནད་དོན་ལ་གྲལ་བཤེར་དང་། ལྟ་ཞིབ་ཚད་ལེན། སྒུལ་རྣམ་གཙང་སེལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་ཡོང་བའི་མཐའ་ཚད་བརྟན་པོ་སྲུང་གི་ཡོད།
     ཆུ་བེད་པུས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཏུ་རང་འབབ་ཆུ་ཀ་ལ་ཁྲིད་ཚད་87%ཟིན་པ་དང་། གྲོང་གསེབ་ཀྱི་གཞི་ཁྱོན་ཅན་གྱི་ཆུ་མཁོ་འདོན་ལས་གྲྭ་གྲོང་གསེབ་ཀྱི་མི་འབོར་ལ་ཁྱབ་པའི་བསྡུར་གྲངས་56%ཟིན་ཡོད། ཞིང་ཆུ་འདྲེན་ཁུལ་ཆེ་འབྲིང་529འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་ལས་འགོ་ཚུགས་པ་དང་། ཆུ་མཛོད་ཆེ་འབྲིང་124དང་ཆུ་མཛོད་ཆུང་གྲས་6082ཀྱི་ཉེན་སེལ་བརྟན་གཏོང་ལས་གྲྭ་ལེགས་སྒྲུབ་བྱས་ཡོད།