འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་འདིས་ཉིན་10ལ་ངལ་གསོ་གཏོང་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་18ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་2023ལོའི་དཔྱིད་གསར་དུས་ཆེན་དང་གཞིས་ཀ་རྩེའི་བོད་ཀྱི་ལོ་གསར་ལ་གུང་གསེང་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ།
     རྫོང(ཆུས)མི་དམངས་སྲིད་གཞུང་དང་། གྲོང་ཁྱེར་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་། གཞུང་ལས་ཁང་། ཅུས་ཁག་ལ་ཞུ་རྒྱུར།
     《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་2023ལོའི་དུས་ཆེན་དང་ངལ་གསོའི་ཉིན་ཁ་ཤས་བཀོད་སྒྲིག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་གསར་གཏོད་གློག་འཕྲིན[2022)ཡིག་ཨང་16པ)དང་། 《ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གཞུང་ལས་ཐིང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་ལས་ཐིང་གི་2023ལོའི་སྤྱི་ལོའི་ལོ་གསར་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་རིང་གི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(བོད་ལྗོངས་ཏང་གཞུང་ལས་ཁང་གིས་སྤེལ་བའི[2022]ཡིག་ཨང་28པའི)དགོངས་དོན་གཞིར་བཟུང་། གྲོང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། གཞིས་ཀ་རྩེ་གྲོང་ཁྱེར་གྱིས་དཔྱིད་གསར་དུས་ཆེན་དང་གཞིས་ཀ་རྩེའི་བོད་ཀྱི་ལོ་གསར་ལ་གུང་གསེང་ཉིན་10གཏོང་རྒྱུ་སྟེ། 2023ལོའི་ཟླ་1ཚེས་21ཉིན(གཟའ་སྤེན་པ)ནས་ཟླ་1ཚེས་30ཉིན(གཟའ་ཟླ་བ)བར་ངལ་གསོ་བྱ་རྒྱུ་རེད།