འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་18ཉིན། 13:59】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
ཟླ་1ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་པེ་ཅིང་དུ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།
ཟླ་1ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་པེ་ཅིང་དུ་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད། 
     ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་འཁུར་བས་དཔྱིད་གསར་བསུ་བའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཉམ་དུ་དཔྱིད་གསར་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣ་དང་རྒྱ་ཆེའི་དད་ལྡན་མང་ཚོགས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད།
     ཝང་ཧུའུ་ཉིང་གིས་ཆོས་ལུགས་ཚོགས་པ་ཁག་གི་2022ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ནས། 2023ལོའི་ལས་དོན་ལ་རེ་བ་ནན་པོ་བཏོན་ཡོད། ཁོང་གིས་གསུངས་དོན། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་ཁག་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་དང་། ཏང་ཀྲུང་དབྱང་གི་ཆོས་ལུགས་ལས་དོན་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་གཏིང་ཟབ་ཅིང་ཞིབ་ཕྲ་བར་བསྒྲུབ་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་འགོག་ཟོན་དང་སེལ་ནས། རང་ཚུགས་རང་བདག་རང་སྒྲུབ་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གཡོ་འགུལ་མི་གཏོང་བ་དང་། ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་གཏན་སྒྲིག་ལམ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས། ཕྱོགས་ཡོངས་ནས་སློབ་གསོ་ནན་སྐྱོང་བྱ་རྒྱུ་མཐའ་འཁྱོངས་དང་། ཆོས་ལུགས་ཚོགས་པའི་ནང་ཁུལ་གྱི་སྒྲིག་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཆོས་ལུགས་རྩ་འཛུགས་ཀྱི་སྒྲིག་སྲོལ་དང་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། གྲོན་ཆུང་ལ་བརྩི་མཐོང་དང་རྒྱས་སྤྲོས་སྤང་རྒྱུའི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བ་བཅས་བྱེད་དགོས། 
     ཝང་ཧུའུ་ཉིང་གིས་གསུངས་དོན། ཆོས་ལུགས་ཚོགས་པ་ནི་ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པས། ཏང་དང་སྲིད་གཞུང་གིས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་མཐུན་སྒྲིལ་མཉམ་ལས་བྱ་རྒྱུར་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཁག་ཁག་གིས་སྔར་རྒྱུན་བཞིན་ཆོས་ལུགས་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་། ཀྲུང་གོའི་ཏའོ་ཅའོ་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་དབྱི་སི་ལན་ཆོས་ལུགས་མཐུན་ཚོགས། ཀྲུང་གོའི་གནམ་བདག་ཆོས་ལུགས་རྒྱལ་གཅེས་ལྷན་ཚོགས། ཀྲུང་གོའི་ཡེ་ཤུ་ཆོས་ལུགས་རང་གསུམ་རྒྱལ་གཅེས་ལས་འགུལ་ཨུ་ལྷན་བཅས་ཀྱི་འགན་འཁུར་བ་གཙོ་བོས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།