འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གཟིགས་སྐྱོང་སྲིད་ཇུས་འདི་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་17ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    ཚེས་16ཉིན། ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་སྤྱི་བསྒྲགས་སྤེལ་ཏེ། མི་སྒེར་གྱི་ཐོབ་ཁྲལ་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ནས། ཁེ་ལས་ཀྱིས་གསར་གཏོད་འཕེལ་རྒྱས་དང་མ་རྩའི་ཁྲོམ་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཁ་གསལ་བཏོན་ཡོད།
     སྤྱི་བསྒྲགས་ནང་ཁ་གསལ་བཏོན་དོན། 《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་ལོ་ཧྲིལ་པོའི་སྤྲོད་ཐེངས་གཅིག་གི་བྱ་དགའི་དངུལ་སོགས་མི་སྒེར་གྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་མུ་མཐུད་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས་2021ལོའི་ཨང་42པ)ནང་གཏན་འབེབས་བྱས་པའི་ཁྲོམ་འགྲེམས་ཀུང་སིའི་རྐང་དབང་ལ་སྐུལ་མ་གཏོང་བའི་ཁེར་རྐྱང་གི་ཁྲལ་རྩིས་གཟིགས་སྐྱོང་སྲིད་ཇུས་དེ། 2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར་མུ་མཐུད་ལག་བསྟར་བྱ་རྒྱུ་རེད། 
     གཞན་ཡང་། སྤྱི་བསྒྲགས་ནང་འཁོད་དོན། 《ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས། དངུལ་འཛིན་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་ཧྲང་ཧའེ་དང་ཞང་ཀང་། ཧྲེན་ཀྲེན་དང་ཞང་ཀང་གི་མ་རྐང་ཁྲོམ་རའི་ཉོ་ཚོང་ཕན་ཚུན་སྦྲེལ་མཐུད་ལམ་སྲོལ་དང་། ནང་ས་དང་ཞང་ཀང་གི་ཐེབས་རྩ་ཕན་ཚུན་ངོས་ལེན་གྱི་མི་སྒེར་ཐོབ་ཁྲལ་སྐོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས》(ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་སྤྱི་བསྒྲགས་2019ལོའི་ཨང་93པ)ནང་གཏན་འབེབས་བྱས་པའི་མི་སྒེར་གྱི་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་དེ། 2023ལོའི་ཟླ་1ཚེས་1ཉིན་ནས་2023ལོའི་ཟླ་12ཚེས་31ཉིན་བར་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།