འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀོང་ཀྲོའུ་ནས་ཧྲེན་ཀྲེན་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་འཁོར་སྐྱོད་སླར་གསོ་བྱུང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་17ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་ཀོང་ཀྲོའུ་བབས་ཚུགས་ལྷོ་མ་ནས་ཤང་ཀང་ཤིས་ཅིའུ་ལུང་བབས་ཚུགས་སུ་སྐྱོད་མཁན་མེ་འཁོར་གཏོང་ཐེངས་G6539ཡིན་པ།
འདི་ནི་ཀོང་ཀྲོའུ་བབས་ཚུགས་ལྷོ་མ་ནས་ཤང་ཀང་ཤིས་ཅིའུ་ལུང་བབས་ཚུགས་སུ་སྐྱོད་མཁན་མེ་འཁོར་གཏོང་ཐེངས་G6539ཡིན་པ།
     འདི་ག་ཚགས་པར་ཁང་དུ་ཧྲེན་ཀྲེན་ནས་ཟླ་1ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་གྱི་ཞོགས་པའི་ཆུ་ཚོད་7དང་སྐར་མ་3གྱི་ཐོག་མེ་འཁོར་གཏོང་ཐེངས་G5624དེ་ཤང་ཀང་ཤིས་ཅིའུ་ལུང་བབས་ཚུགས་ནས་དལ་བུར་ཐོན་ཏེ་ཧྲེན་ཀྲེན་བྱང་ཚུགས་ཀྱི་ཕྱོགས་སུ་མགྱོགས་མྱུར་སྐྱོད་འགོ་ཚུགས་པ་དེ་ཐོག་ནས་རིམས་ནད་ཀྱིས་རྐྱེན་པས་ལོ་3ཙམ་རིང་སྐྱེལ་འདྲེན་བྱེད་མཚམས་བཞག་པའི་ཀོང་ཀྲོའུ་ནས་ཧྲེན་ཀྲེན་དང་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་སླར་གསོ་ཐུབ་པ་མཚོན་ཡོད་པ་རེད།
     “ཡུན་རིང་ཁྱིམ་དུ་མ་ལོག་པས་ད་ལྟ་ང་ཧ་ཅང་དགའ་པོ་འདུག”ཤང་ཀང་དུ་ཨར་སྐྲུན་གྱི་ལས་ཀ་བྱེད་མཁན་ཝུའུ་ཧྲུན་དབྱིས་ཞོགས་པ་སྔ་པོ་ནས་སྒམ་ཆེན་པོ་གཉིས་འཁྱེར་བ་དང་རྒྱབ་ཁུག་ཆེན་པོ་ཞིག་འཁྱེར་ཏེ་ཤང་ཀང་གི་ཤིས་ཅིའུ་ལུང་མྱུར་བགྲོད་ལྕགས་ལམ་བབས་ཚུགས་སུ་ཡོང་ནས་ཀོང་ཀྲོའུ་ཤར་ཚུགས་སུ་སྐྱོད་མཁན་མེ་འཁོར་གཏོང་ཐེངས་G6554ནང་བསྡད།
     ལུའོ་པོ་དང་བཟའ་ཟླ་ཧྥུང་དབྱི་གཉིས་ཤང་ཀང་དུ་འཚར་ལོངས་བྱུང་བ་དང་ཕ་ཡུལ་ཀོང་ཏུང་ནས་ཡིན། ཤང་ཀང་ནས་ཀོང་ཏུང་བར་གྱི་མྱུར་བགྲོད་ལྕགས་ལམ་སླར་གསོ་འཁོར་སྐྱོད་བྱུང་བ་ཐོས་སྐབས་ཁོང་ཚོས་ཡུལ་སྐོར་ལས་དོན་ཁང་དུ་རང་མོས་ཡུལ་སྐོར་བྱ་རྒྱུའི་མིང་ཐོ་བཀོད་པ་རེད། ཧྥུང་དབྱིས་སླར་ཡང་མྱུར་བགྲོད་ལྕགས་ལམ་སྡོད་རྒྱུ་བྱུང་བས་ཧ་ཅང་དགའ་པོ་འདུག སླད་ཕྱིན་ནང་སར་གཉེན་ཉེ་ཡང་སེ་ཐུག་འཕྲད་བྱེད་པར་ཡོང་གི་ཡིན”ཞེས་བཤད།
     ཀོང་ཀྲོའུ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སླར་གསོ་འཁོར་སྐྱོད་བྱེད་པའི་དུས་འགོར་ལྕགས་ལམ་སྡེ་ཚན་གྱིས་ཀོང་ཀྲོའུ་དང་ཧྲེན་ཀྲེན་ས་ཁུལ་ནས་ཤང་ཀང་ཤིས་ཅིའུ་ལུང་ཕྱོགས་སུ་སྐྱོད་མཁན་གྱི་ས་མཚམས་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་བཀོད་སྒྲིག་བྱས་ཏེ་ཉིན་རེར་ཆ་སྙོམས་མྱུར་བགྲོད་ལྕགས་ལམ་གྱི་ཤུགས་འགྲེམས་མེ་འཁོར་གྱི་འགྲུལ་པའི་མེ་འཁོར་ཆ་38.5གཏོང་རྒྱུ་ཡིན་པ་རེད། དེའི་ཁྲོད་ཤང་ཀང་ཤིས་ཅིའུ་ལུང་ནས་ཀོང་ཀྲོའུ་ལྷོ་རྒྱུད་བར་དུ་ཆ་8དང་། ཀོང་ཀྲོའུ་ཤར་རྒྱུད་བར་དུ་ཆ་6 ཧྲེན་ཀྲེན་བྱང་རྒྱུད་བར་དུ་ཆ་10.5 ཧྥུའུ་ཐན་བར་དུ་ཆ་14བཅས་གཏོང་རྒྱུ་རེད། གོམ་སྟབས་རྗེས་མར་ལྕགས་ལམ་སྡེ་ཚན་གྱིས་ད་དུང་འགྲུལ་རྒྱུན་གྱི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་ས་ཁོངས་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་གཏོང་བའི་ཇུས་གཞི་ལེགས་སུ་གཏོང་བ་དང་ལེགས་སྒྲིག་བྱས་ཏེ་ས་མཚམས་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་གོ་རིམ་ལྡན་པའི་ངང་སླར་གསོ་ཡོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ་རེད།
     མྱུར་བགྲོད་ལྕགས་ལམ་གཏོང་ཐེངས་G6551ནི་ཀོང་ཀྲོའུ་ཤར་ཚུགས་ནས་ཤང་ཀང་ཤིས་ཅིའུ་ལུང་བབས་ཚུགས་ཕྱོགས་སུ་སྐྱོད་པའི་མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་དང་པོ་དེ་ཡིན་པ་དང་། ཀོང་ཀྲོའུ་ལྕགས་ལམ་ཚོགས་པའི་འགྲུལ་སྐྱེལ་པུའི་སྤྱི་ཁྱབ་བཟོ་བཀོད་པ་ཆེ་མོ་ཕེང་ཞང་གིས་ངོ་སྤྲོད་བྱས་པར། ཀོང་ཀྲོའུ་ནས་ཤང་ཀང་ཤིས་ཅིའུ་ལུང་བབས་ཚུགས་སུ་ཐད་གཏོང་བྱས་པའི་མྱུར་བགྲོད་ལྕགས་ལམ་གྱིས་ལམ་ཐིག་ཧྲིལ་པོར་སྤྱི་ལེ་177ཙམ་སྐྱོད་པ་དང་མགྱོགས་ཤོས་ཆུ་ཚོད་1དང་སྐར་མ་37ཟིན་པ་དེ་དེ་སྔ་ཀོང་ཀྲོའུ་ནས་ཤང་ཀང་ཤིས་ཅིའུ་ལུང་བར་གྱི་ཐད་གཏོང་མེ་འཁོར་དང་བསྡུར་ན་སྐར་མ་23ཙམ་གྲོན་ཆུང་ཐུབ་ཡོད་པ་རེད།