འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོར་ཀན་སུའུ་ཡིས་དམངས་ལ་བྱ་བ་འདི་10བསྒྲུབ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་16ཉིན། 13:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཀན་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་ཟླ་1ཚེས་15ཉིན་ལན་ཀྲོའུ་རུ་འགོ་ཚུགས་ཤིང་། ཞིང་ཆེན་གྱི་འགོ་གཙོ་རེན་ཀྲེན་ཧོ་ཡིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་སྐབས། 2023ལོར་མུ་མཐུད་ནོར་ཤུགས་སྤྱི་འདོམས་ཀྱིས་བཀོད་སྒྲིག་བྱས་ཏེ་དམངས་ལ་བྱ་བ་འདི་10ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།
     གཅིག་ནི་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་དུ“ཉལ་ཁང་འཛུགས་སྐྲུན་དང་སློབ་གནས་མང་དུ་གཏོང་བ། ཟ་ཁང་རྒྱ་བསྐྱེད་པ། གསང་སྤྱོད་ལེགས་སྒྱུར་བྱེད་པའི”རྣམ་གྲངས་ལག་ལེན་བསྟར་བ་དང་། དགེ་རྒན་གྱི་འཁོར་རྒྱུག་ཉལ་ཁང་900གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུ་དང་། གྲོང་ཁྱེར་དང་ཁུལ་སྲིད་གཞུང་14གནས་སའི་གྲོང་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་གི་སློབ་གནས་ཁྲི་2གསབ་སྣོན་བྱ་རྒྱུ་དང་། གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཟ་ཁང་400བསྐྱར་སྐྲུན་དང་རྒྱས་སྐྲུན་བྱ་རྒྱུ་དང་། སློབ་གྲྭ་འབྲིང་ཆུང་གི་གསང་སྤྱོད་250ལེགས་སྒྱུར་བྱ་རྒྱུ། 
     གཉིས་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་32གསར་དུ་འཕར་སྣོན་དང་། ལས་ཞུགས་མ་ཐུབ་པའི་སློབ་ཆེན་དཀྱུས་མའི་མཐར་ཕྱིན་སློབ་མ་ཁྲི་1གཞི་རིམ་དུ་ལས་ཞུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། 
     གསུམ་ནི་ཞང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་ལྟེ་གནས་100བསྐྲུན་རྒྱུ། 
     བཞི་ནི་གྲོང་ཚོ་རིམ་པའི་ཕན་ཚུན་རོགས་རེས་བདེ་སྐྱིད་གླིང་300བསྐྲུན་རྒྱུ། 
     ལྔ་ནི་དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་མཐོ་སློབ་དཀྱུས་མའི་སློབ་གྲྭར་བསྐྱོད་རྒྱུར་མུ་མཐུད་རོགས་སྐྱོར་བྱས་ནས། དངོས་གཞིའི་ཚན་ཁག་གི་སློབ་གྲྭར་བསྡུ་ལེན་བྱས་པར་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི་1སྤྲོད་རྒྱུ་དང་། ཆེད་ལས་ཚན་ཁག(མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཚན་ཁག)གི་སློབ་གླིང་དང་སློབ་གྲྭར་བསྡུ་ལེན་བྱས་པར་སྤྲོད་ཐེངས་གཅིག་ལ་སྒོར་8000སྤྲོད་རྒྱུ། 
     དྲུག་ནི་རྫོང་དང་། གྲོང་ཁྱེར། ཆུས་བཅས་ཀྱི་སྨན་ཁང་86གི་ནད་གཞི་ལྕི་རིགས་བཅོས་ནུས་ཆེ་རུ་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས། ནད་གཞི་ལྕི་རིགས་ཀྱི་ཉལ་ཁྲི་860མང་དུ་གཏོང་རྒྱུ། 
     བདུན་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་བུད་མེད་ཁྲི་20ལ“སྐྲན་ནད་གཉིས”ཀྱི་རིན་མེད་བརྟག་དཔྱད་བྱ་རྒྱུ། 
     བརྒྱད་ནི་དུད་ཚང་ཁྲི་4ཡི་མི་ཁྲི་15.23གྱི་སྣོད་བཅུད་དང་ས་གཤིས་གནོད་འཚེའི་ཉེན་གཡོལ་གནས་སྤོ་ལེགས་སྒྲུབ་བྱ་རྒྱུ།
     དགུ་ནི་གྲོང་གསེབ་ཀྱི་ཆུ་བེད་དམངས་ཕན་འདུ་འགོད་ལག་ལེན་བསྟར་ནས། ཆུ་གསོག་སྒྲིག་ཆས་དང་། ཞིང་ཆུ་འདྲེན་ཁུལ་སྒྱུར་བཀོད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་བཅས་ཀྱི་རྣམ་གྲངས་125བསྐྲུན་རྒྱུ། 
     བཅུ་ནི་རང་བྱུང་གྲོང་ཚོ(ཚོ་ཆུང་)4000ལ་ཨར་འདམ་ལམ་སྤྱི་ལེ་ཁྲི་1བསྐྲུན་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་གྲོང་ཚོར(ཚོ་ཆུང་)ཨར་འདམ་ལམ་ཤར་གཏོང་ཐུབ་ཚད་86%ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་བཅས་རེད།