འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སི་ཁྲིན་ཞིང་ཆེན་གྱི་འགོ་ཁྲིད་འདི་དག་བདམས་ཐོན་བྱུང་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་16ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་1ཚེས་15ཉིན། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཝང་ཞའོ་ཧུའེ་ནི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་དང་། ཝང་ཡན་ཧྥེ་དང་། ལུའོ་ཆང་། ཀྲུའུ་ཁྲུན་ཞིའུ། ཕེང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཀྲུའུ་ཅ་ཏེ། ཧོ་ལི་བཅས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་དང་། ཅ་རུའེ་ཡུན་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་བ་རེད། 
     ཧོང་ཆང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་འགོ་འཛིན་དང་། ལི་ཡུན་ཙེ། དབྱང་ཞིན་ཕིང་། ཡེ་ཧན་པིང་། ཐེན་ཆིང་ཡིང་། ཧུའུ་ཡུན། ཀྲེང་པེ། ཏོན་དབྱི་ཅུན་བཅས་ཞིང་ཆེན་གྱི་འགོ་འཛིན་གཞོན་པར་བདམས་ཐོན་བྱུང་། 
     ལིའོ་ཅན་ཡུས་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས།
     ཝང་ཧྲུའུ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་དུ་བདམས་པ་དང་། ཀོ་ཞའོ་ཡན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་དུ་བདམས། གསར་དུ་བདམས་པའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཀོ་ཞའོ་ཡན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུར་ཕུལ་བ་རེད།