འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བུད་མེད་རྫོང་དཔོན་གཞོན་པ་འདི་ཏང་དང་ལས་གནས་ནས་ཕུད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་12ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉིན་ཤས་གོང་། རྔ་བ་ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཁུལ་སྒྲིག་ཨུ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་རྔ་བ་ཁུལ་ཁྲོ་ཆུ་རྫོང་སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་། རྫོང་དཔོན་གཞོན་པ་ཆིན་ལིང་ལིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། ཆིན་ལིང་ལིང་གི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཏང་ལ་ལྷག་བསམ་རྣམ་དག་མེད་པ་དང་གཞུང་དྲང་མིན་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ངོ་རྒོལ་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ཏེ་གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་སྐྱེསདངུལ་བླངས་པ། སྒྲིག་འགལ་ངང་ཕན་བདེ་སྤྲོད་པ་དང་འགྲོ་གྲོན་རྩིས་ཞུ་བྱས་པ། མི་བདེན་རྫུན་སྒྲིག་དང་ལས་ཀའི་གྲུབ་འབྲས་རྫུན་བཟོ་བྱས་པ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཚོང་ཟོག་བྲིན་ཚོང་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་དང་འབྲེལ་རྒྱུ་ནོར་འབོར་ཆེན་བླངས་ཡོད། 
     ཆིན་ལིང་ལིང་གིས་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་ནས་ལས་གནས་ཀྱི་ཁྲིམས་འགལ་བྱས་པ་མ་ཟད། ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞིའང་ཡོད་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་གཅུན་མི་བྱེད་པ་དང་མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་མོ་བྱེད་དགོས། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣར་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རྔ་བ་ཁུལ་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ། ཁུལ་ཨུ་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས། ཆིན་ལིང་ལིང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེ་གཞུང་གི་ལས་གནས་ནས་ཕྱིར་འབུད་པའི་ཆད་པ་གཅོད་རྒྱུ་དང་། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ། དེའི་ཉེས་བསགས་དོགས་གནད་ཀྱི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཀྱི་ཐག་བཅད་པ་རེད།