འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།བོད་ཀྱིས་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་12ཉིན། 12:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།བོད་ཀྱིས་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ།
     ད་ཕན་ལོ་ཤས་རིང་། བོད་ཀྱིས་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ནུས་རྒྱུ་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། མིག་སྔར་བོད་དུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་ཀྱི་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་ཁྲི་1757ཟིན་པ་དང་། 2022ལོར་དྲ་སྦྲེལ་གློག་ཁང་ནས་གློག་གཏོང་ཚད་དུས་མཚུངས་ལས་30.4%འཕར་བ་དང་། ཉེ་ཆར་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ཀྱི་ཆན་ཝ་ཁྲི་12ཟིན་པའི་འོད་ཤུགས་གློག་ཁང་གི་འཕྲུལ་འཁོར་ཆ་ཚང་ནས་གློག་བཏང་བ་མ་ཟད་གློག་དྲ་སྦྲེལ་ཡོད། རྣམ་གྲངས་དེ་ནས་ལོར་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.47ཟིན་ནས། ལོ་ལྟར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་21.96ཉུང་དུ་འགྲོ་རྒྱུ་རེད།