འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་11རྐྱེན་ལམ་དུ་ཤོར་ཞིང་མི་ཁྲི་26ལྷག་ལ་གནོད་འཚེ་ཕོག་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་11ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་10ཉིན། ཧྥི་ལི་ཕིན་གྱི་དམངས་ཟོན་སྡེ་ཁག་གི་དཔོན་རིགས་མ་ལི་ཡྰ་ནུའོ(Diego Aguliano)ཡིས། ཧྥི་ལི་ཕིན་གྱི་ས་ཆ་མང་པོར་དྲག་ཆར་བབས་ནས་མི་11རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད། ཟླ་1ཚེས་2ཉིན་ཚ་ཁུལ་གྱི་དམའ་གནོན་གྱིས་ཧྥི་ལི་ཕིན་གྱི་ས་ཆ་མང་པོར་དྲག་ཆར་བབས་པ་དང་། མིག་སྔར་ཚ་ཁུལ་དེའི་དམའ་གནོན་ནི་མན་ལན་ལའོ་གླིང་ཕྲན་གྱི་ལྷོ་སུའུ་ལི་ཀའོ་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད།
     གཞན་ཡང་། མ་ལི་ཡྰ་ནུའོ་ཡིས་དྲག་ཆར་བབས་པའི་རྐྱེན་གྱིས་ཧྥི་ལི་ཕིན་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་མི་ཁྲི་26ལྷག་ཙམ་ལ་གནོད་འཚེ་ཐེབས་ཡོད། དེའི་ནང་མི་3387ཁ་འགྲེམས་བྱས་ཡོད་པ་དང་། རྨང་གཞིའི་སྒྲིག་བཀོད་ཐད་ཀྱི་གྱོང་གུན་ཧྥི་ལི་ཕིན་གྱི་པི་སུའོ་དུང་ཕྱུར་1.25ལས་བརྒལ་བ་དང་། ཞིང་ལས་ཐད་ཀྱི་གྱོང་གུན་པི་སུའོ་ཁྲི་7800ཙམ་ཟིན་ཡོད་ཅེས་བཤད་པ་རེད།