འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡུན་ནན་གྱིས་སྔ་སྣུར་དུ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་150ལྷག་ཙམ་སྤྲད་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་ནོར་སྲིད་ཐིང་གིས་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་ལ་2023ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་དར་རྒྱས་ལ་འབྲེལ་མཐུད་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་150.12སྔ་སྣུར་དུ་སྤྲད་པ་རེད།
     རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱེད་པ། དཀའ་ངལ་བཏགས་གྲངས་ཀྱི་བསྡུར་ཚད་དང་། ཁ་གསབ་བཏགས་གྲངས། དེ་བཞིན་བཅད་གྲངས་ཁ་གསབ་སོགས་འོས་འཚམ་ངང་མཐོ་རུ་བཏང་བ་བརྒྱུད། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་རྫོང་ལ་མ་དངུལ་སྒོར་དུང་ཕྱུར་90.93བཀོད་སྒྲིག་བྱས་པ་དེ་2022ལོ་དང་བསྡུར་ན་སྒོར་དུང་ཕྱུར་3.26མང་དུ་ཕྱིན་ནས་3.4%འཕར་ཡོད་པ་རེད།
     གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ལ་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱེད་པ། ཞིང་ལས་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་ཞིང་ར་སོགས་རིགས་ཁག་གི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རྒྱབ་སྐྱོར་བྱས་ཏེ། སྣེ་འདྲེན་སྐུལ་ཁྲིད་ཕན་འབྲས་ཆགས་པར་བྱེད་རྒྱུ་དང་། ས་གནས་ཁག་གིས་ཞིང་ལས་ཀྱི་ཁག་ཐེག་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པར་སྤྱི་འདོམས་བསམ་གཞིག་དང་ཁྲིད་སྟོན་བྱེད་པ་དང་ས་གནས་ཁག་གིས་སྲིད་དོན་དང་ཁག་ཐེག་འགན་འཁུར་ལམ་སྲོལ་འཛུགས་པར་རྒྱབ་སྐྱོར་བྱས་ནས། ཞིང་ལས་ཀྱི་ཁག་ཐེག་སྲིད་ཇུས་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་རྒྱུ་རེད། གོང་གསལ་གྱི་རྒྱུ་རྐྱེན་ལ་ཚད་ལེན་ཞིབ་རྩིས་དང་ཁག་བགོས་སྤྱི་འདོམས་བསམ་གཞིག་བྱེད་པའི་རྨང་གཞིའི་ཐོག་ས་གནས་ཁག་གིས་2023ལོར་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་འབྲེལ་མཐུད་མ་དངུལ་གྱི་བསྡུར་ཚད་དེ་རྩ་དོན་ཐོག་མ་དངུལ་གྱི་སྤྱིའི་གཞི་ཁྱོན་གྱི་60%ལས་མི་དམའ་བ་བྱེད་པ་མ་ཟད། 2022ལོའི་མ་དངུལ་གྱི་བསྡུར་གྲངས་ལས་མི་དམའ་བ་བྱས་ནས། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་སྐྱེས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་རྒྱུ་རེད།
     གྲོང་གསེབ་ཀྱི་ཡུལ་མི་དང་ལྷག་པར་དུ་དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་ལ་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱེད་པ། ཡོང་འབབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་བཏང་སྟེ། ས་གནས་ཁག་གི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་། དེ་བཞིན་ཞིང་པ་དང་འབྲེལ་གཏུག་དང་། ཞིང་པར་སྣེ་ཁྲིད། ཞིང་པ་ཕྱུག་འགྱུར་བཅས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་རྒྱུ་རྐྱེན་ལ་སྤྱི་འདོམས་བསམ་གཞིག་བྱས་ནས་ཚད་ལེན་ཞིབ་རྩིས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
     ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ་ཆེ་གྲས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱེད་པ། ཡུན་ནན་ཞིང་ཆེན་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་མི་འབོར་གྱིས་རྒྱལ་ཡོངས་ཀྱི་གནས་སྤོས་བསྡོམས་འབོར་གྱི་1/10ཙམ་བཟུང་བ་དང་། ཡུན་ནན་གྱི་དབུལ་སྒྲོལ་མི་འབོར་གྱི་བསྡུར་གྲངས་བཟུང་ཚད་1/10ཙམ་ཟིན་པའི་དོན་དངོས་ལ་བསམ་གཞིག་བྱས་ཏེ། བཀོད་སྒྲིག་ཁུལ་ཆེ་གྲས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ལ་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་པ་མ་ཟད། བཀོད་སྒྲིག་ཁུལ་ཆེ་གྲས་ཀྱི་མི་འབོར་གྱི་གཞི་ཁྱོན་བཏགས་གྲངས་ལ་བསམ་གཞིག་བྱས་ཏེ་རིམ་པ་དང་རིགས་དབྱེ་ནས་རྒྱབ་སྐྱོར་བྱ་རྒྱུ་རེད།
     དེང་རབས་ཅན་གྱི་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་ལ་དམིགས་སུ་བཀར་ནས་རྒྱབ་སྐྱོར་བྱེད་པ། མཐའ་མཚམས་རྫོང་དང་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་ཐད་སྤྱོད་པའི་མ་དངུལ་སྒོར་དུང་ཕྱུར་4.26ཐོ་འགོད་ཁ་གསལ་བྱེད་པ་མ་ཟད། མཐའ་མཚམས་སྲིད་འཛིན་གྲོང་ཚོའི་འབྲེལ་མཐུད་མ་དངུལ་དོ་དམ་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་པའི་དེང་རབས་ཅན་གྱི་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་ཐད་སྔོན་ལ་སྤྱོད་པ་དང་། སྔོན་འགྲོའི་ཆ་རྐྱེན་དེའི་འོག་གྲོང་ཚོ་གཞན་དག་ལ་མཉམ་དུ་ལྟ་རྟོག་བྱ་རྒྱུ་རེད།