༄༅།།ཡུལ་འདི་རུ་སྟོངས་ཉེན་ཡོད་པའི་དངོས་རིགས་200མཐོང་བྱུང་།
གསར་འགྱུར་སྤེལ་དུས། 【2023ལོའི་ཟླ་ 01ཚེས་06ཉིན། 13:30】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཉེ་ཆར། གསར་འགོད་པས་ཧའེ་ཏུང་ཀྲའེ་གྲུ་ཁ་ཤར་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཅུས་དེ་ཡིས་འདབ་ཆགས་ལྟ་ཞིབ་ཚད་ལེན་དང་བརྟག་དཔྱད་བྱེད་སྐབས་སྟོངས་ཉེན་ཤིན་ཏུ་ཆེ་བའི་དངོས་རིགས་བྱ་བྲང་སེར་200ལྷག་ཤེས་རྟོགས་བྱུང་བ་རེད། འདི་ནི་མིག་སྔར་ཧའེ་ཁོའུ་གྲོང་ཁྱེར་གྱི་ས་ཁོངས་ནང་བྱ་བྲང་སེར་ཐོ་འགོད་བྱས་པའི་ཁྱུ་ཚོགས་ཆེ་ཤོས་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱ་བྲང་སེར་དེའི་མིང་ལ་སྙེ་མའི་བྱིའུ་ཡང་ཟེར། དེ་ནི་བྱིའུ་ཆུང་གྲས་ཀྱི་དབྱིབས་དང་འདྲ་ཞིང་གནས་སྤོ་བྱ་རིགས་ཤིག་ཡིན། བྱ་བྲང་སེར་ནི་རི་ཁུལ་དམའ་ས་དང་ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་ཁུལ་གྱི་སྡོང་ཐུང་ནགས་ཚལ་དང་། སྤང་ལྗོངས། རྩྭ་ཐང་། ནགས་གླིང་བཅས་ཀྱི་འགྲམ་དུ་འཚོ་རྒྱུར་དགའ་བ་མ་ཟད། ལྷག་པར་དུ་ཆུ་ཕྲན་དང་། མཚེའུ། འདམ་རའི་ཉེ་འགྲམ་གྱི་སྡོང་ཕྲན་དང་རྩྭ་ཐང་ལ་དགའ་ཞིང་། འབྲུ་རིགས་དང་རྩྭ་སར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད།
2017ལོར་བྱ་བྲང་སེར《འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་མིང་གཞུང་དམར་པོའི》ནང་། “སྟོངས་ཉེན་ཤིན་ཏུ་ཆེ་བའི”རིམ་པར་དབྱེ་ནས་རྩ་མེད་དུ་འགྲོ་བའི་གནས་སུ་གྱར་ཡོད། 2021ལོར་བྱ་བྲང་སེར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་སུ་རིམ་སྤོར་བྱས་ཡོད།
