འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།XBBདུག་སྡོང་རྒྱལ་ནང་དུ་གཞི་ཁྱོན་ཆེན་པོར་མཆེད་སྲིད་དམ། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་05ཉིན། 15:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་དུས་ཨའོ་སྨི་ཁེ་རུང་གི་གཞན་འགྱུར་ཡན་ལག་XBBདུག་སྡོང་གསར་པར་དོ་ཁུར་བྱས་པ་རེད། XBBདུག་སྡོང་གི་ཁྱད་ཆོས་ཅི་འདྲ་ཡིན་ནམ། དངོས་གནས་འཇུ་བྱེད་མ་ལག་ལ་ཕར་རྒོལ་བྱེད་སླའམ། ཁོག་པ་བཤལ་མཚམས་འཇོག་བྱེད་སྨན་གསོག་ཉར་བྱེད་དགོས་སམ། རེས་སྐོར་གསར་པའི་ཁྱབ་མཆེད་འབྱུང་སྲིད་དམ། རིགས་གཅིག་མཁས་ཅན་གྱི་གསལ་འགྲེལ་ལ་བལྟ་རོགས། 
     XBBདུག་སྡོང་གིས་གཙོ་བོ་མིའི་རྒྱུ་མར་རྒོལ་སྲིད་དམ། སྨན་གསོག་ཉར་བྱེད་དགོས་སམ།
     ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ནད་དུག་ནད་སུའོ་ཡི་སུའོ་ཀྲང་ཞུས་ཝུན་པོའོ་ཡིས་ངོ་སྤྲོད་བྱས་དོན། ཨའོ་སྨི་ཁེ་རུང་ངམ་ཡང་ན་ཏེའར་ཐ་དང་ཨར་ཧྥ། པེ་ཐཱ་སོགས་ཀྱི་དུས་འགོའི་དུག་སྡོང་གང་ཡིན་རུང་། ནད་དུག་འགོས་རྗེས་རྒྱུ་མའི་ནད་རྟགས་ཐོན་གྱི་ཡོད། རྒྱུ་མཚན་ནི་ཏོག་གསར་ནད་དུག་གི་ལེན་གཟུགས་ནི་ཁྲག་རྩ་གྲིམ་འཁུམ་གྱི་རྒྱུ་རྩབས་2(ACE2)བརྗེ་སྤོར་བྱེད་ལ། ཏོག་གསར་ནད་དུག་ཕྲ་ཕུང་དང་འབྲེལ་བའི་ལེན་གཟུགས་གཙོ་བོ་ཡིན་པའི་ཆ་ནས། དེ་ནི་གློ་བའི་ཕྱི་ངོས་ཕུད། རྒྱུ་ལམ་དང་དབུགས་ལམ་གྱི་འབྱར་སྐྱི་ཚང་མར་འགོས་ཡོད། འོན་ཀྱང་རང་རང་གི་ལུས་པོའི་ཁྱད་པར་གྱི་དབང་གིས་ཁོག་པ་བཤལ་བ་དང་། སྐྱུགས་མེར་ལངས་པ། སྐྱུག་པ་སོགས་ཀྱི་ནད་རྟགས་འབྱུང་མིན་ནད་པའི་ནད་རྟགས་མི་འདྲ་བ་རེད། 
     ཉེ་ཆར་དོ་སྣང་བྱེད་བཞིན་པའི་XBB.1.5དེ་དུག་སྡོང་གཞན་པ་དང་བསྡུར་ན་ཕོ་བ་དང་རྒྱུ་མའི་ནད་རྟགས་ཇེ་མང་ལ་འགྲོ་བའི་དཔང་རྟགས་མེད། ཚང་མས་དགོས་ངེས་ཀྱི་སྨན་གསོག་ཉར་འཚམ་པོར་བྱེད་པ་ལས་སྨན་འབོར་ཆེན་གསོག་དགོས་དོན་མེད།
     XBBདུག་སྡོང་གིས་རེས་སྐོར་གཉིས་པའི་འགོས་ནད་འབྱུང་སྲིད་དམ།
     རིགས་གཅིག་མཁས་པས་གཞི་ཁྱོན་ཆེན་པོར་མཆེད་ཚུལ་ཞིག་ཆགས་དཀའ་ཞེས་བཤད།
     ཞུས་ཝུན་པོའོ་ཡིས། ད་ལྟའི་བར་XBBམཆེད་རིམ་ཁྲོད་ཐོན་པའི་ཡན་ལག་ཕྱི་མའི་རིགས་20ཡོད། XBBཡན་ལག་ཕྱི་མའི་རིགས་ནི་རྒྱལ་ཁབ་ཁ་ཤས་སུ་ཡོད་པ་དང་། ལྷག་པར་དུ་ཨ་རིའི་གསར་འགྱུར་དུ་གནས་འཕྲིན་སྤེལ་བ་མངོན་གསལ་གྱིས་འཕར་ཡོད། 
     2022ལོའི་ཟླ་8པ་ནས་བཟུང་། རང་རྒྱལ་དུ་ཕྱི་ནས་ཡོང་བའི་XBBནད་དཔེ་ཡོད་པ་དང་། ས་གནས་དེ་གའི་འབྲེལ་ཡོད་ནད་དཔེ་16ཡོད། ཟླ་12པར་ཡུལ་དངོས་སུ་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་XBBལ་རྒྱལ་ནང་དུ་ཁྱབ་སྤེལ་གྱི་ལེགས་ཆ་ཐོན་མེད་པ་དང་། ནད་དཔེ་1ཙམ་ལས་ཐོན་མེད་པ་དེ་ཟླ་10པ་ནས་11པའི་བར་ལས་མངོན་གསལ་ཉུང་དུ་ཕྱིན་ཡོད་པ་རེད། དེའི་ནང་གི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱེད་པར་གཙོ་བོ་ཕྱོགས་གཉིས་ཡོད་པ་གཤམ་གསལ། རང་རྒྱལ་གྱི་མི་ཚོགས་ལ་BA.5.2དང་། BF.7  XBBསོགས་རིགས་ཀྱི་ཨའོ་སྨི་ཁེ་རོང་གི་གཞན་འགྱུར་འབྱུང་སླ་བོ་ཡོད། རང་རྒྱལ་གྱི་རེས་སྐོར་འདིའི་རིམས་ནད་བྱུང་ཚུལ་སྔ་ཤོས་དང་། ལྷག་པར་དུ་ཀོང་ཀྲོའུ་དང་ཁྲུང་ཆིང་གཉིས་སུ་BA.5.2ཡིས་བལྟོས་མེད་ཀྱི་ལེགས་ཆ་བཟུང་ཡོད། པེ་ཅིང་དང་ནང་སོག་གཉིས་ནི་BF.7གྱིས་བལྟོས་མེད་ཀྱི་ལེགས་ཆ་བཟུང་ཡོད། BA.5.2དངBF.7ནི་ཞིང་ཆེན་མང་པོ་ཞིག་ཏུ་གཞི་ཁྱོན་ངེས་ཅན་ལྡན་པའི་རང་སའི་ནད་དཔེ་ཡོད་པ་དང་། དུག་སྡོང་དེ་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མགྱོགས་མྱུར་ངང་གནས་བབ་ལེགས་པོ་དང་རྣམ་པ་ཕལ་པ་བཟུང་ཡོད།
     སྒེར་ལ་BA.5.2འམ་BF.7འགོས་པའི་རྗེས་སུ་འགོག་གཟུགས་བཏང་སྙོམས་ཐོན་པ་དེ་དུས་ཐུང་ཟླ་3གྱི་ནང་ལྟོས་བཅས་ཀྱི་ཆུ་ཚད་ཅུང་མཐོ་བ་རྒྱུན་འཁྱོངས་བྱེད་ཐུབ། སྔོན་དཔག་བྱས་ན་ཨའོ་སྨི་ཁེ་རུང་གཞན་པའི་གཞན་འགྱུར་གྱི་ཡན་ལག་ལ་ཕན་ཚུན་སྲུང་སྐྱོབ་ཀྱི་ནུས་པ་ཅུང་བཟང་ཞིང་། དེའི་ནང་XBBདུག་སྡོང་ཡང་འདུས། ད་ལྟའི་དུས་རིམ་ལ་བལྟས་ན། རང་རྒྱལ་དུ་དུས་ཡུན་ཐུང་ངུའི་ནང་། XBBརིགས་ཀྱི་གཞན་འགྱུར་དུག་སྡོང་གི་ནང་དུ་XB.1.5འདུས་པ་ལས་གཞི་ཁྱོན་ཆེན་པོར་མཆེད་པའི་ངེས་པ་ཆུང་།
     XBBདུག་སྡོང་ལ་དམིགས་ནས་ཇི་ལྟར་འགོག་སྲུང་བྱེད་དགོས་སམ།
     ཀྲུང་གོའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སྔོན་འགོག་ཚོད་འཛིན་སུའོ་ཡི་འབུམ་རམས་པ་ཧྥེང་ཡེ་སུང་གིས། ཨའོ་སྨི་ཁེ་རུང་ཡན་ལག་ནད་དུག་གཞན་དག་མི་འགོ་བར་བྱེད་པ་དང་འདྲ་བར། རང་ངོས་ཀྱི་བདེ་ཐང་འགན་འཁུར་བ་དང་པོ་དང་། ལྷག་པར་དུ་ལོ་ན་བགྲེས་པའི་རྒན་རྒོན་དང་དེ་བཞིན་རྨང་གཞིའི་ནད་གཞི་ཚབས་ཆེན་ཡོད་པའི་མི་ཚོགས་སྲུང་སྐྱོང་བྱ་རྒྱུ་དང་། མི་ཚོགས་འདུ་འཛོམས་བྱེད་སར་བསྐྱོད་སྐབས་ཁ་རས་ཚད་ལྡན་རྒྱག་པ་དང་། ར་སྤྲོད་མ་བྱས་པའི་དྲ་ཐོག་གི་གནས་ཚུལ་ལ་ཡིད་ཆེས་མ་བྱེད་ཅེས་བསྟན།