འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཧྲན་ཞིར་རྒྱལ་པོའི་བང་སོ་ཞིག་རྙེད་འདུག

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་05ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཧྲན་ཞིར་རྒྱལ་པོའི་བང་སོ་ཞིག་རྙེད་འདུག
    མི་དམངས་དྲ་བའི་འཕྲིན། ཚེས་4ཉིན། ཧྲན་ཞི་ཞིང་ཆེན་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་གིས་ཧྲན་ཞི་དབྱི་རྫོང་གི་ཧེང་ཧྲུའེ་ཀྲོའུ་ནུབ་མའི་དུར་སM2022ཡི་གནའ་རྫས་རྟོག་ཞིབ་སྔོག་འདོན་གྱི་དཔྱད་གཞི་ཁྱབ་བསྒྲགས་བྱས་ཤིང་། གནའ་རྫས་རྟོག་ཞིབ་མི་སྣས་དུར་སའི་གཞི་ཁྱོན་དང་། དུར་རྫས་ཀྱི་ཚད་གཞི། དེ་བཞིན་དུར་སྦས་ཀྱི་མི་དང་ཁྱི་སོགས་དུར་སའི་ཁྱད་ཆོས་ལ་གཞིགས་ནས་རིགས་འདེད་བྱས་ན། བང་སོ་དེ་ནི་ཀྲོའུ་ནུབ་མའི་དུས་ཀྱི་རྒྱལ་པོ་རིམ་པའི་བང་སོ་ཞིག་ཡིན།
   ད་རེས་ཁྱབ་བསྒྲགས་བྱས་པའི་གནའ་རྫས་རྟོག་ཞིབ་ཀྱི་དཔྱད་གཞིའི་བང་སོ་M2022ཡིན་ལ། བང་སོ་དེའི་དུར་ཁང་རྒྱ་ཁྱོན་ཅུང་ཆེ་བ་མ་ཟད། ཤར་ངོས་སུ་མཉམ་དུ་དུར་སྦས་བྱས་པའི་ཤིང་རྟའི་དུར་ཁང་ཞིག་ཀྱང་ཡོད། དུར་རྫས་རིགས་མང་པོ་ཡོད་ཅིང་གྲངས་འབོར་ཅུང་མང་། དེའི་ནང་དུ་ལི་ཆས1045དང་། གཡང་ཊི་བརྐོས་མ60ཚུད་ཡོད། དེའི་ནང་དུ་ལིའི་རོལ་ཆས་16ཡོད་པ་མ་ཟད། དུར་དུ་སྦས་པའི་མི་དང་ཁྱི་ཡང་མཐོང་རྒྱུ་ཡོད་པས། དུར་བདག་གི་སྤྱི་ཚོགས་ཀྱི་གོ་གནས་ཅུང་མཐོ་བ་མཚོན།
   ད་རེས་གནའ་རྫས་རྟོག་ཞིབ་སྔོག་འདོན་རྣམ་གྲངས་ཀྱི་རུ་སྣེ་ཁྲིད་མཁན་སུང་ཅན་ཀྲུང་གིས་མཚམས་སྦྱོར་བྱས་པར་གཞིགས་ན། བང་སོའི་ནང་དུ་གོ་མཚོན་6ཡོད་པའི་ཐོག་ནས་དུར་བདག་སྐྱེས་པ་ཞིག་ཡིན་ཚོད་དཔག་ཐུབ་པ་མ་ཟད། ད་དུང་M2022དུར་སྦས་ལི་ཆས་ངོས་ཀྱི་ཡི་གེ་བརྐོས་མ་གཉིས་སུ་ཀྲོའུ་རྒྱལ་པོ་དང་འབྲེལ་ཡོད་ཟིན་ཐོ་ཕབ་འདུག དུར་སའི་རྒྱ་ཁྱོན་དང་། དུར་རྫས་ཀྱི་ཚད་གཞི་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ན། M2022ནི་རྒྱལ་པོ་རིམ་པའི་བང་སོ་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ།
༄༅།།ཧྲན་ཞིར་རྒྱལ་པོའི་བང་སོ་ཞིག་རྙེད་འདུག