འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཡར་ཀླུང་གཙང་པོར་ཁྲུང་ཁྲུང་སྐེ་ནག་སླེབས་འདུག 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་04ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡར་ཀླུང་གཙང་པོར་ཁྲུང་ཁྲུང་སྐེ་ནག་སླེབས་འདུག
     བོད་ལྗོངས་སྨན་གླིང་ས་ཁོངས་ཀྱི་གཙང་འགྲམ་དུ་འདམ་ར་མང་པོ་ཡོད་ཅིང་། དགུན་དུས་སུ་སླེབས་སྐབས། གནས་འདི་ནི་འདབ་ཆགས་རིགས་རྩ་ཆེན་མང་པོའི་དགུན་སྐྱེལ་གྱི་ཞིང་ཁམས་ཤིག་ཏུ་གྱུར་ཡོད། འདབ་ཆགས་རྩ་ཆེན་དེ་དག་གི་ཁྲོད་ཆེས་དམིགས་བསལ་ཞིག་ནི་ཁྲུང་ཁྲུང་སྐེ་ནག་ཡིན་ཞིང་། ཁྲུང་ཁྲུང་སྐེ་ནག་ནི་ཀྲུང་གོའི་གཙོ་གནད་སྲུང་སྐྱོང་ཁུལ་རིམ་དང་པོའི་བྱ་ཡུལ་གྱི་བདག་མེད་སྲོག་ཆགས་ཤིག་རེད། 
     རྒྱལ་ཁབ་ཀྱི་སྲུང་སྐྱོང་ཁུལ་རིམ་དང་པོའི་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ནི་མཐོ་སྒང་དུ་སྐྱེས་པ་དང་རྒྱུད་སྤེལ་བའི་ཁྲུང་ཁྲུང་གི་རིགས་འབའ་ཞིག་དེ་རེད། ལོ་རེའི་དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་མང་པོ་རྒྱུད་སྤེལ་བྱ་ཡུལ་ནས་བོད་ལྗོངས་ཀྱི་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་གྲོག་རོང་ཁུལ་དུ་དགུན་དུས་སྐྱེལ་བར་གནས་སྤོ་བ་དང་། དེ་དག་གིས་གྲོག་རོང་དང་། ཞིང་ཁ། འདམ་ར་སོགས་པའི་ནང་ཟས་འཚོལ་ཞིང་རྩེད་འཇོར་རོལ་བཞིན་ཡོད། 
【1】  【2】
༄༅།།ཡར་ཀླུང་གཙང་པོར་ཁྲུང་ཁྲུང་སྐེ་ནག་སླེབས་འདུག