འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།2023ལོའི་སྣུམ་གོང་ཐེངས་དང་པོར་འཕར་རྒྱུ་རེད། 

གསར་འགྱུར་སྤེལ་དུས།  【2023ལོའི་ཟླ་ 01ཚེས་03ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།2023ལོའི་སྣུམ་གོང་ཐེངས་དང་པོར་འཕར་རྒྱུ་རེད།
   མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་3ཉིན་གྱི་ཆུ་ཚོད་24ཡི་ཐོག རྒྱལ་ནང་གི་རེས་སྐོར་གསར་པའི་སྣུམ་གྲུབ་མའི་རིན་གོང་ལེགས་སྒྲིག་སྐར་ཁུང་སྒོ་མོ་འབྱེད་རྒྱུ་ཡིན། རྒྱལ་སྤྱིའི་སྣུམ་གོང་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་ནས་2022ལོའི་ལོ་མཇུག་ཏུ“བསྟུད་མར་ཐེངས་གསུམ་ཆག་པ”མཇུག་འགྲིལ་རྗེས། རྒྱལ་ནང་གི་སྣུམ་གྲུབ་མའི་རིན་གོང་ཆག་ཚུལ་མཇུག་འགྲིལ་ནས། 2023ལོར་ཐེངས་དང་པོར་འཕར་རྒྱུ་རེད།
    སྒྲིག་གཞིས་ཚད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། 2022ལོའི་ཟླ་12ཚེས་30ཉིན་གྱི་རེས་སྐོར་འདིའི་སྣུམ་གྲུབ་མའི་རིན་གོང་སྙོམས་སྒྲིག་གི་དུས་འཁོར་གྱི་ལས་ཞག་དགུ་པའི་བར་དུ་མ་བཅོས་རྡོ་སྣུམ་གྱི་ཆ་སྙོམས་རིན་གོང་དེ་ཟོམ་རེར་ཨ་སྒོར་79.46ཡིན་པ་དང་། འགྱུར་ལྡོག་བྱུང་ཚད་3.51%ཡིན། སྔོན་དཔག་བྱས་ན་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་མཐོ་རུ་འགྲོ་ཚད་ཏུན་རེར་སྒོར་240ཡིན་པ་དང་ཕབ་རྩིས་བྱས་ན་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་ཧྲེང་རེར་སྒོར་0.2ཙམ་འཕར་རྒྱུ་རེད།