འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འགོ་ཁྲིད་འདིས་ལྐོག་རྔན་སྒོར་དུང་ཕྱུར་1.25བླངས་པ་ངོས་ལེན་ཞུས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་30ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འགོ་ཁྲིད་འདིས་ལྐོག་རྔན་སྒོར་དུང་ཕྱུར་1.25བླངས་པ་ངོས་ལེན་ཞུས།
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་12ཚེས་29ཉིན། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས། ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཞའོ་དབྱི་ཡིས་ལྐོག་རྔན་བླངས་པ་དང་འགན་དབང་གང་བྱུང་དུ་སྤྱད་པའི་གྱོད་གཞིར་འདྲི་ཞིབ་བྱས་པ་རེད། ཧང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མི་སྣ་ཁྲིམས་རར་མངགས་ནས་གཞུང་གཏུག་བྱས་ཤིང་། ཞུ་སྦྱོར་ཕྱི་མ་བ་ཞའོ་དབྱི་དང་དེའི་དག་འབུད་པ་ཁྲིམས་རར་བཅར་ནས་ཞུ་གཏུག་བྱས། 
   ཧང་ཀྲོའུ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞུ་གཏུག་བྱས་དོན། 2008ལོ་ནས་2021ལོའི་བར། ཞུ་སྦྱོར་ཕྱི་མ་ཞའོ་དབྱི་ཡིས་པེ་ཅིང་དུ་བཅའ་སྡོད་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་དང་། ཅང་ཞི་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅི། ཅང་ཞི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་མི་གཞན་ལ་ལས་གྲྭའི་འགན་ལེན་དང་། རྣམ་གྲངས་གསར་སྤེལ། གོ་གནས་སྤར་བ་སོགས་ཀྱི་ཐད་རོགས་རམ་བྱས་པ་དང་ཁྲིམས་འགལ་ངང་རྒྱུ་དངོས་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་1.25ལྷག་ཙམ་བླངས་པ་དང་། 2017ལོ་ནས་2021ལོའི་བར། ཞའོ་དབྱི་ཡིས་ཧྥུའུ་ཀྲོའུ་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་རིང་རྒྱལ་ཁབ་ཀྱི་གཏན་འབེབས་ལས་འགལ་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལས་འགལ་ཏེ་རྟོག་བཟོའི་དངུལ་ལོར་རྩིས་རྒྱག་ཐོན་སྐྱེད་ཀྱི་ལས་སྒོ་གཉེར་མཁན་ཁེ་ལས་ཀྱིས་ནོར་སྲིད་ཁ་གསབ་དང་། མ་དངུལ་གྱི་རྒྱབ་སྐྱོར། གློག་ཤུགས་འགན་ལེན་སོགས་ཐད་སྒྲིག་འགལ་ངང་རོགས་རམ་བྱས་པས་སྤྱི་པའི་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་པ་དང་ཤུགས་རྐྱེན་ངན་པ་བཟོས་ཡོད།
    ཁྲིམས་སའི་འདྲི་གཅོད་ནང་། གཞུང་གཏུག་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་ནས་ཞུ་སྦྱོར་ཕྱི་མ་བ་ཞའོ་དབྱི་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ་དང་། རྩོད་བཤེར་ཚོད་འཛིན་བྱེད་མཁན་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཏོན་ཞིང་། ཞའོ་དབྱི་ཡིས་མཐའ་མའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་རང་ཉེས་ངོས་ལེན་དང་འགྱོད་བཤགས་བྱས། མཇུག་ཏུ་ཁྲིམས་རས་ཁྲིམས་ས་འཚོག་མཚམས་འཇོག་པའི་ཁྱབ་བསྒྲགས་བྱས་པ་དང་། དུས་ཚོད་བདམས་ནས་དཔྱད་མཚམས་ཁྱབ་བསྒྲགས་བྱ་རྒྱུ་བྱས། 
    མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། སྨྱན་སྦྱོར་གྱི་གསར་འགོད་པ། དེ་བཞིན་ལས་རིགས་ཁག་གི་མང་ཚོགས་20ལྷག་ཙམ་གྱིས་ཁྲིམས་རའི་འདྲི་གཅོད་ཟུར་ཉན་བྱས་པ་རེད། 
༄༅།།འགོ་ཁྲིད་འདིས་ལྐོག་རྔན་སྒོར་དུང་ཕྱུར་1.25བླངས་པ་ངོས་ལེན་ཞུས།