འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ནང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ལ་
སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་30ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་འཆར་ཟིན་གྱི་གྲོས་ཞིབ་གཉིས་པའི་མ་ཟིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་བརྒྱད་པར་གྲོས་ཞིབ་བྱ་རྒྱུར་ཕུལ་བ་རེད། ཕྱོགས་ཁག་གིས་འཆར་ཟིན་གྱི་གྲོས་ཞིབ་དང་པོའི་མ་ཟིན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་གཞིར་བཟུང་། འཆར་ཟིན་གྱི་གྲོས་ཞིབ་གཉིས་པའི་མ་ཟིན་ལ་དེ་མཚུངས་ཀྱི་གཏན་འབེབས་ཁ་སྣོན་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
     མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་ནུས་པའི་ད་ལྟའི་གནས་ཚུལ་གྱིས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་དང་། སྐྱེ་དངོས་སྣ་མང་རང་བཞིན། ཆུའི་ཐོན་ཁུངས་མཁོ་འདོན། གནམ་གཤིས་མ་ལག་བརྟན་པོ། ཐཱན་གཏོང་ཡོང་དོ་སྙོམས་བཅས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནས་རང་རྒྱལ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་སྐྱེ་ཁམས་བདེ་འཇགས་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ཐོན་ཡོད། དེ་གོང་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་དྲུག་པའི་ཐོག་གྲོས་ཞིབ་ཐེངས་དང་པོ་བྱས་པ་རེད།
     ཕྱོགས་ཁག་གིས་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས་པའི་གྲོས་འགོ་བཏོན་པ་རེད། དེར་བརྟེན། འཆར་ཟིན་གྱི་གྲོས་ཞིབ་གཉིས་པའི་མ་ཟིན་ལ་བཟོ་བཅོས་རྒྱག་རྒྱུ་ཡིན་པ་སྟེ། གཅིག་ནས་རི་སྐྱེས་སྲོག་ཆགས་གནས་སྤོ་དང་ཚུར་ལོག་ལམ་བུ་སྲུང་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། གཉིས་ནས་རི་སྐྱེས་སྲོག་ཆགས་ཀྱིས་ཕྱུགས་རིགས་ལ་གྱོང་གུན་བཟོས་པར་ཁྲིམས་ལྟར་གུན་གསབ་སྤྲོད་རྒྱུ། གསུམ་ནས་རྒྱལ་ཁབ་ཀྱིས་མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འདུ་འགོད་གལ་ཆེན་ལག་བསྟར་བྱས་ཏེ་སྐྱེ་དངོས་སྣ་མང་རང་བཞིན་ལ་གཏོར་བཤིག་མི་ཕོག་པ་བྱེད་དགོས་པའི་གཏན་འབེབས་མང་དུ་གཏོང་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་ཁག་དང་མཚོ་བོད་ས་མཐོའི་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་སྐྱེ་ཁམས་བར་མཐོངས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྐྱེ་ཁམས་མ་ལག་གི་ཆ་ཚང་རང་བཞིན་དང་འབྲེལ་མཐུད་རང་བཞིན་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།