འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ས་ཆ་འདི་ནས་རྡོ་སྣུམ་ཏུན་ཁྲི་300ལྷག་བྱུང་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་29ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ས་ཆ་འདི་ནས་རྡོ་སྣུམ་ཏུན་ཁྲི་300ལྷག་བྱུང་ཡོད།
    མི་དམངས་དྲ་བའི་འཕྲིན། ཀྲུང་གོ་རྡོ་སྣུམ་ཐ་ལི་མུའུ་སྣུམ་ཞིང་ཀུང་སིས་ཚེས་26ཉིན་ཐ་ཁེ་ལ་མ་ཀན་བྱེ་ཐང་ལྟེ་བར་ཡོད་པའི་རང་རྒྱལ་གྱི་ཚད་བརྒལ་སྣུམ་ཞིང་ཆེ་ཤོས་ཏེ་ཧྥུའུ་མན་སྣུམ་ཞིང་དུ་སྣུམ་ཐོན་ཚད་ཏུན་ཁྲི་300ཡི་འགག་སྒོ་ཆེན་པོ་ལས་བརྒལ་ནས། སྣུམ་ཏུན་ཁྲི་309.05ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
   མཚམས་སྦྱོར་བྱས་པར་གཞིགས་ན། ཧྥུའུ་མན་སྣུམ་ཞིང་ནི་མིག་སྔར་རང་རྒྱལ་གྱིས་ཤེས་རྟོགས་བྱུང་བའི་མཚོ་གཏིང་བརྒལ་བའི་ཁུང་དབྱིབས་ཐཱན་སྐྱུར་ཚྭ་རྡོའི་སྣུམ་མཛོད་ཆེ་ཤོས་ཤིག་ཡིན་པ་དང་། སྣུམ་རླངས་ཐོན་ཁུངས་ཏུན་དུང་ཕྱུར་10ལྷག་ཟིན་ཡོད་པ་རེད། སྣུམ་ཞིང་དེ“འཆི་མཚོ”ཞེས་སུ་གྲགས་པའི་ཐ་ཁེ་ལ་མ་ཀན་བྱེ་ཐང་དུ་གནས་པ་དང་། སྣུམ་མཛོད་དེ་སྨི་7500ནས་སྨི་10000བར་གྱི་ཚད་བརྒལ་གཏིང་ཟབ་སར་གནས་ཡོད། དེར་འཛམ་གླིང་ཐོག་མཐོང་དཀོན་པའི་གཏིང་རིམ་ཚད་བརྒལ་དང་། དྲོད་ཚད་ཚད་བརྒལ། མཐོ་གནོན་ཚད་བརྒལ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད། 
    འཆར་འགོད་ལྟར་ན། 2025ལོར་ཧྥུའུ་མན་སྣུམ་ཞིང་དུ་ལོ་རེར་སྣུམ་རླངས་ཐོན་ཚད་ཏུན་ཁྲི་500ཟིན་པའི་སྣུམ་ཞིང་བསྐྲུན་ཐུབ་རྒྱུ་རེད།