༄༅།།སྨན་ཚོང་ཁང་འདི་ལ་སྒོར་ཁྲི་30ཡི་ཆད་པ་བཅད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 12ཚེས་28ཉིན། 15:41】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
ཉོ་སྒྲུབ་རིན་གོང་ནི་སྒམ་རེར་སྒོར་18.5ཡིན་པའི་སྨན་ལེན་ཧྭ་ཆིང་ཝུན་སྤྱིན་ཐུམ(连花清瘟胶囊)ལ་རིན་གོང་བསྣན་རྗེས་སྒམ་རེའི་ཕྱིར་ཚོང་རིན་གོང་སྒོར་118ལ་སླེབས་ཡོད། གསར་འགོད་པས་པེ་ཅིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲ་ཚིགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། པེ་ཅིང་ཡོན་ཐུང་མི་སེར་དུས་བདེའི་སྨན་ཚོང་ཁང་ཆེན་མོ་ཚད་ཡོད་ཀུང་སིས་རིན་གོང་མཐོན་པོས་ལེན་ཧྭ་ཆིང་ཝུན་བཙོང་བར་སྒོར་ཁྲི་30ཡི་ཆད་པ་བཅད་པ་རེད།
པེ་ཅིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་ཆད་གཅོད་ཆོད་ཡིག་ལས་མངོན་པར་གཞིགས་ན། པེ་ཅིང་ཡོན་ཐུང་མི་སེར་དུས་བདེའི་སྨན་ཚོང་ཁང་ཆེན་མོ་ཚད་ཡོད་ཀུང་སིས་ཅིང་ཏུང་ཚོང་ཁང་དུ་“མི་སེར་དུས་བདེའི་སྨན་ཚོང་ཁང་ཆེན་མོ”བཙུགས་ཏེ་སྨན་རྫས་གཉེར་སྐྱོང་བྱེད་ཀྱི་ཡོད་པ་རེད། 2022ལོའི་ཟླ་12ཚེས་2ཉིན་ནས་ཟླ་12ཚེས་6ཉིན་བར། ལེན་ཧྭ་ཆིང་ཝུན་རིལ་བུ(ཚད་གཞི་ནི་6g*སྒམ་རེར་ཤོག་ཐུམ་10)ཕྱིར་ཚོང་བྱས། ཉོ་སྒྲུབ་ཀྱི་རིན་གོང་ནི་སྒམ་རེར་སྒོར་23.57ཡིན་པ་དང་། ཕྱིར་ཚོང་གི་རིན་གོང་ནི་སྒམ་རེར་སྒོར་58དང་། སྒོར་80 སྒོར་104བཅས་ཡིན་པ་དང་། ཉོ་སྒྲུབ་དང་ཕྱིར་ཚོང་གི་རིན་གོང་ཧེ་བག་ཚད་མཐོ་ཤོས་341%ཟིན་ཡོད་པ་རེད། 2022ལོའི་ཟླ་12ཚེས་5ཉིན། ཀུང་སི་དེས་བཙོངས་པའི་ལེན་ཧྭ་ཆིང་ཝུན(ཚད་གཞི་ནི་0.35g*སྒམ་རེར་རིལ་བུ་48)གྱི་ཉོ་སྒྲུབ་རིན་གོང་ནི་སྒམ་རེར་སྒོར་18.50ཡིན་པ་དང་། ཕྱིར་ཚོང་རིན་གོང་ནི་སྒམ་རེར་སྒོར་118ཡིན་པས་ཉོ་སྒྲུབ་དང་ཕྱིར་ཚོང་གི་རིན་གོང་ཧེ་བག་ཚད་538%ཟིན་ཡོད།
2022ལོའི་ཟླ་12ཚེས་2ཉིན་ནས་ཟླ་12ཚེས་6ཉིན་བར། མ་གནས་མངོན་གསལ་དོད་པོས་མང་དུ་ཕྱིན་མེད་པའི་གནས་ཚུལ་འོག པེ་ཅིང་ཡོན་ཐུང་མི་སེར་དུས་བདེའི་སྨན་ཚོང་ཁང་ཆེན་མོ་ཚད་ཡོད་ཀུང་སིས་སྨན་གྱི་རིན་གོང་ཆེས་ཆེར་སྤར་ནས། ཉོ་སྒྲུབ་དང་ཕྱིར་ཚོང་གི་རིན་གོང་ཧེ་བག་ཚད་དེ་དུས་གཅིག་པའི་མཐའ་འཁོར་ཁྲོམ་རའི་རིགས་གཅིག་པའི་སྨན་རྫས་ལས་མཐོ་བ་ཡོད་པ་རེད།
ཟླ་12ཚེས་23ཉིན། པེ་ཅིང་གྲོང་ཁྱེར་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྲིད་འཛིན་ཆད་གཅོད་ཆོད་ཡིག་ཁྱབ་བསྒྲགས་བྱས་ནས། དོ་བདག་ལ་ཁྲིམས་འགལ་བྱེད་སྤྱོད་ཡོ་བསྲང་བྱེད་དུ་བཅུག་པ་དང་། ཐ་ཚིག་སྒྲོག་པ་དང་འབྲེལ་དངུལ་ཆད་སྒོར་ཁྲི་30བཅད་པ་རེད།
