འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཨ་རིས་ཉེས་ཅན་འདི་ལོ་16ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་28ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་27ཉིན། 2020ལོར་ཨ་རིའི་སྨི་ཞེ་ཀེན་མངའ་སྡེའི་འགོ་འཛིན་ཀེ་རེ་ཆིང·ཧུའེ་ཐེ་མའོ(Gretchen Whitmer)བཙན་ཁྲིད་བྱ་རྒྱུའི་ཇུས་འགོད་དང་དེའི་ནང་ཞུགས་ནས་འཆར་གཞི་འགོད་མཁན་ཨ་ཏམ·ཧྥོ་ཁེ་སི(Adam Fox)ལ་བཙན་ཁྲིད་དང་གཞི་ཁྱོན་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆ་སྤྱད་པ་སོགས་ཀྱི་ཉེས་གསོག་ཡོད་པའི་རྐྱེན་གྱིས། རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱིས་ལོ་16ལ་བཙོན་འཇུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།   
    ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོའི་ལོ་སྟོད་ནས་བཟུང་། དོགས་ཡོད་ཉེས་ཅན་6གིས་ཧུའེ་ཐེ་མུའུ་ཡི་སྤྲོ་གསེང་ཁང་ནས་བཙན་ཁྲིད་བྱ་རྒྱུའི་ངན་ཇུས་འགོད་འགོ་ཚུགས་པ་རེད། འཆར་གཞི་དེ་མཐར་ཐེར་འདོན་བྱས་ཤིང་། རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་དེ་རྗེས་དོགས་ཡོད་ཉེས་ཅན་6འཛིན་བཟུང་བྱས་པ་དང་། འཆར་གཞི་དེ་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་གཞན་7ཡང་འཛིན་བཟུང་བྱས་པ་རེད།