འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།ཀྲུང་གོ་དང་ཨུ་རུ་སུས་དམག་སྦྱོང་འདི་མཇུག་བསྒྲིལ་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་28ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོ་དང་ཨུ་རུ་སུས་དམག་སྦྱོང་འདི་མཇུག་བསྒྲིལ་ཡོད།
    མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་7རིང་གི་ཀྲུང་ཨུའི“མཚོ་ཐོག་མཉམ་འབྲེལ-2022ལོའི”མཉམ་འབྲེལ་དམག་དོན་ནང་སྦྱོང་དེ་ཚེས་27ཉིན་རང་རྒྱལ་གྱི་ཤར་རྒྱ་མཚོའི་མཚོ་ཁོངས་ཤིག་ཏུ་མཇུག་བསྒྲིལ་ཡོད། 
ཀྲུང་གོ་དང་ཨུ་རུ་སུའི་མཉམ་འབྲེལ་དཔུང་རུའི་ནང་སྦྱོང་གི་སློབ་ཚན་ཚང་མ་མཇུག་བསྒྲིལ་རྗེས། མཚོ་ཐོག་གི་མཇུག་བསྒྲིལ་མཛད་སྒོ་དང་ཡན་ལག་འཕུར་སྐྱོད་མཛད་སྒོ་འཚོགས་པ་རེད། འདི་ནི་2012ལོ་ནས་བཟུང་། ཀྲུང་གོ་དང་ཨུ་རུ་སུའི་མཚོ་དམག་གིས་སྤེལ་བའི་མཚོ་ཐོག་མཉམ་འབྲེལ་ནང་སྦྱོང་ཐེངས་11པ་རེད།   
    ཀྲུང་གོ་དང་ཨུ་རུ་སུའི་དམག་དཔུང་གཉིས་ཀྱི་ལོ་འཁོར་གྱི་དམག་དོན་མཉམ་ལས་འཆར་གཞི་གཞིར་བཟུང་། “མཚོ་ཐོག་མཉམ་འབྲེལ-2022ལོའི”མཉམ་འབྲེལ་དམག་དོན་ནང་སྦྱོང་དེ་ཚེས་21ནས་27ཉིན་བར་རང་རྒྱལ་གྱི་ཀྲོའུ་ཧྲན་ནས་ཐའེ་ཀྲོའུ་ཤར་ཕྱོགས་མཚོ་ཁོངས་བར་བྱས་པ་རེད། ཀྲུང་གོ་དང་ཨུ་རུ་སུའི་དམག་གྲུ་དཔུང་རུ་མཚོ་ཁོངས་ཤིག་ཏུ་མཉམ་འབྲེལ་དཔུང་རུ་མགྱོགས་པོར་བཙུགས་ནས། “དམག་ཤུགས་གཅིག་སྡུད་མི་བྱེད་པ་དང་། གྲུ་ཁའི་གྲོས་མོལ་མི་བྱེད་པར། ཐད་ཀར་ནང་སྦྱོང་མཚོ་ཁོངས་སུ་སྐྱོད་པ་དང་། ཐད་ཀར་མཚོ་ཐོག་བྱ་སྤྱོད་སྤེལ་བའི”བྱེད་ཐབས་སྤྱད་དེ་ནང་སྦྱོང་བྱས་པ་རེད།
    ནང་སྦྱོང་གི་ཀྲུང་གོ་ཕྱོགས་ཀྱི་ལག་བསྟར་འཁྲབ་ཁྲིད་པ་ཧྲའོ་ཅང་དམག་དཔོན་ཝང་ཡུས་ཀྱིས། “མཚོ་ཐོག་མཉམ་འབྲེལ-2022”ནི་ཀྲུང་ཨུ་རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་ལག་ལེན་གཞན་ཞིག་རེད། ཉིན7རིང་། ནང་སྦྱོང་ནང་ཞུགས་མཁན་རྒྱལ་ཁབ་གཉིས་པོའི་དཔོན་དམག་གིས་ཉམས་སད་ཐེག་ཐུབ་པའི་དམག་དོན་བྱང་ཚད་དང་། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་ལ་བརྟེན་ནས་ནང་སྦྱོང་གི་སློབ་ཚན་ཆ་ཚང་ལེགས་སྒྲུབ་བྱས་པ་མ་ཟད། ད་དུང་མཉམ་ལས་གཏིང་ཟབ་དང་། མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ། ནུས་པ་ཆེ་རུ་བཏང་ཡོད། རྒྱལ་ཁབ་གཉིས་པོའི་དམག་དཔུང་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག  རྒྱལ་ཁབ་གཉིས་པོའི་མཚོ་དམག་གི་དངོས་སྒྲུབ་མཉམ་ལས་ཀྱི་མདུན་ལམ་དེ་བས་རྒྱ་ཆེར་ཕྱིན་ནས། འཛམ་གླིང་གི་ཞི་བདེ་དང་ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་བསྟན། 
༄༅།།ཀྲུང་གོ་དང་ཨུ་རུ་སུས་དམག་སྦྱོང་འདི་མཇུག་བསྒྲིལ་ཡོད།