འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།གནའ་མིའི་མགོ་རུས་ཀྱི་འགྱུར་རྡོ་ཤེས་རྟོགས་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་27ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།གནའ་མིའི་མགོ་རུས་ཀྱི་འགྱུར་རྡོ་ཤེས་རྟོགས་བྱུང་།
     གསར་འགོད་པས་ཧུའུ་པེ་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། གནའ་རྫས་རྟོག་ཞིབ་ཚོགས་པས་ཟླ་བ་ཁ་ཤས་རིང་འབད་འཐབ་བྱས་པ་བརྒྱུད། “ཡུན་རྫོང་གི་མི”ཨང་3པའི་མགོ་རུས་ཀྱི་འགྱུར་རྡོ་བདེ་བླག་ངང་བླངས་ནས་རྗེས་མཐུད་ཀྱི་ཞིབ་འཇུག་གི་གོ་རིམ་དུ་སླེབས་ཡོད།
     སྔོག་འདོན་བྱེད་པའི་བརྒྱུད་རིམ་ནང་འགྱུར་རྡོ་ལ་སྲུང་སྐྱོབ་བྱ་ཆེད། གནའ་རྫས་རྟོག་ཞིབ་རུ་ཁག་གིས་ཆེད་དུ་ཀུའེ་སྤྱིན་གྱི་ཕྱི་ལྭ་བཟོས་པ་མ་ཟད། ནང་ཤེལ་དང་སྨྱུ་གུ་སོགས་ཞིབ་ཚགས་ཅན་གྱི་གནའ་རྫས་རྟོག་ཞིབ་སྒྲིག་ཆས་བེད་སྤྱོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འགྱུར་རྡོ་དེ་ད་བར་ལོ་ཁྲི་100ཙམ་ཟིན་པ་དེ་ནི་ད་བར་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་སའི་དབུས་ཁུལ་ནས་ཤེས་རྟོགས་བྱུང་བའི་དུས་རབས་དེའི་ཆ་ཚང་ཤོས་ཀྱི་གནའ་བོའི་མིའི་མགོ་རུས་ཀྱི་འགྱུར་རྡོ་ཞིག་རེད།
【1】  【2】  【3】
༄༅།།གནའ་མིའི་མགོ་རུས་ཀྱི་འགྱུར་རྡོ་ཤེས་རྟོགས་བྱུང་།