འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མི་6འཛིན་བཟུང་བྱས་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་27ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མི་6འཛིན་བཟུང་བྱས་འདུག
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་12ཚེས་22ཉིན། ཁུན་མིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དྲ་རྒྱའི་སྐོར་ཞིབ་བྱེད་རིང་། མི་ཞིག་གིས་མི་སྒེར་གྱི་འཁྱུག་དབྱིངས་དང་སྐད་འཕྲིན་སོགས་སྤྱི་ཚོགས་འབྲེལ་བའི་མཉེན་ཆས་ལས་སྟེགས་ནས། གདོད་འགོག་བརྟག་དཔྱད་བྱེད་རྫས་སོགས་ཀྱི་བརྡ་ཁྱབ་སྤེལ་བ་དང་། དེས་ཕྱིར་ཚོང་བྱས་པའི་གདོད་འགོག་བརྟག་དཔྱད་སྨན་རྫས་ཀྱི་རིན་གོང་གི་ཁྲོམ་རའི་རིན་གོང་གི་384.8%ལས་མཐོ་བ་ཡོད་པ་མ་ཟད། ལག་ཁྱེར་མེད་པར་སྨན་བཅོས་དངོས་རྫས་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་བ་རེད།
    ཁུངས་སྣེ་དེ་འབྱོར་རྗེས། ཕན་ལུང་སྤྱི་བདེ་ཡན་ལག་ཅུས་ཀྱིས་གྲོང་ཁྱེར་ཅུས་ཀྱི་ཉེས་དོན་མྱུལ་ཞིབ་དང་། ཝང་ཨན་སྡེ་ཁག་གི་མཛུབ་སྟོན་འོག་མྱུར་དུ་མྱུལ་ཞིབ་ལས་དོན་སྤེལ། ཟླ་12ཚེས་22ཉིན་གྱི་ཆུ་ཚོད་17དང་སྐར་མ་30ཡོལ་ཙམ་ལ། ཝུའུ་ཧྭ་ཆུས་ཀྱི་ཁུལ་ཆུང་ཞིག་གི་ཕྱི་རོལ་གྱི་ལམ་འགྲམ་དུ་གདོད་འགོག་ཞིབ་དཔྱད་སྨན་རྫས་ཉོ་ཚོང་བྱེད་བཞིན་པའི་ཁྲིམས་འགལ་བྱེད་སྤྱོད་སྤེལ་མཁན་ཆིང་ཆེ་གེ་མོ་སོགས་མི་5ཞིབ་བཤེར་རྩད་ཆོད་ཐུབ་པ་དང་། ཡུལ་དངོས་ནས་གདོད་འགོག་ཞིབ་དཔྱད་སྨན་རྫས་600རྩད་ཆོད་ཐུབ་པ་རེད།
    རྗེས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་གྱིས་ངོས་ལེན་ཞུས་པ་ལྟར་ན། མི་དམངས་ཉེན་རྟོག་པས་ཞི་ཧྲན་རི་ཁུལ་གྱི་སྡེ་ཁུལ་ག་གེ་མོ་ཞིག་ནས་གདོད་འགོག་བརྟག་དཔྱད་བྱས་རྫས་ཁྲིམས་འགལ་འཚོང་མཁན་ཞུས་ཆེ་གེ་མོ་འཛིན་བཟུང་བྱས་པ་དང་། ཆུ་ཚོད་22དང་སྐར་མ་40ཡོལ་ཙམ་ལ། མི་དམངས་ཉེན་རྟོག་པས་ཞི་ཧྲན་ཆུས་ཀྱི་ཚོང་དོན་ཚད་ཡོད་ཀུང་སི་ཞིག་ནས་གདོད་འགོག་བརྟག་དཔྱད་སྨན་རྫས་སྒམ་18རྩད་ཆོད་པ་རེད།
    མིག་སྔར་གྱོད་གཞི་དེ་ཕན་ལུང་ཁུལ་གྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ལ་རྩིས་སྤྲོད་བྱས་ཡོད།