འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།འདི་ནི་བོད་ལྗོངས་ཀྱི་བྱེ་ཐང་སྤྱི་གླིང་ཐོག་མ་དེ་རེད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་26ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འདི་ནི་བོད་ལྗོངས་ཀྱི་བྱེ་ཐང་སྤྱི་གླིང་ཐོག་མ་དེ་རེད།
    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན། གསར་འགོད་པ་གྲ་ནང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་དུ་བསྐྱོད། བྱེ་ཐང་སྤྱི་གླིང་དེ་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གནས་པ་དང་། བོད་རང་སྐྱོང་ལྗོངས་ཁོངས་ཀྱི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་དེ་རེད། 2017ལོར་གྲ་ནང་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་འཛུགས་སྐྲུན་རྣམ་གྲངས་ལ་ཀྲུང་གོ་རྒྱལ་ཁབ་ནགས་ལས་སྡེ་ཁག་གི་རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད་བྱས་པ་རེད། དུས་འགོའི་འཆར་འགོད་ལྟར་ན། སྤྱི་གླིང་དེ་ནི་སྐྱེ་ཁམས་སྲུང་སྐྱོང་ཁུལ་དང་། ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོ་ཁུལ། བྱེ་ཐང་ཚན་རྩལ་ཁང་། བྱེ་སྐྱེས་རྩི་ཤིང་ར་བ། བྱེ་ཐང་སྐྱེ་ཁམས་བཅོས་སྐྱོང་དཔེ་སྟོན་གླིང་། སྐྱེ་ཁམས་ཡུལ་སྐོར་ངལ་གསོ་ཁུལ་སོགས་ལས་གྲུབ་ཡོད། 
【1】  【2】
༄༅།།འདི་ནི་བོད་ལྗོངས་ཀྱི་བྱེ་ཐང་སྤྱི་གླིང་ཐོག་མ་དེ་རེད།