འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྐད་འཕྲིན་གྱིས་གལ་ཆེའི་སྤྱི་བསྒྲགས་འདི་སྤེལ་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་22ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་ཆར། ང་ཚོས་སྤྱོད་མཁན་གྱིས་ཞུ་གཏུག་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བར། སྤྱོད་མཁན་ཉུང་ཤས་ཀྱིས་སྐད་འཕྲིན་ཐོག་གདོད་འགོག་དཔྱད་ཆས་དང་། ཚ་བ་འཇོམས་བྱེད་ཀྱི་སྨན་སོགས་སྨན་རྫས་སྣ་ཚོགས་ཀྱི་ཚོང་གཉེར་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་རིན་གོང་ཧམ་སྤོར་བྱས་པ་མི་ཉུང་བ་ཞིག་ཡོད་པ་མ་ཟད། ཐ་ན་མགོ་སྐོར་གཡོ་འཕྲུལ་གྱི་བྱ་སྤྱོད་ཀྱང་ཡོད་པ་དེས་སྤྱོད་མཁན་གྱི་ཚེ་སྲོག་བདེ་ཐང་ལ་ཉེན་ཁ་ངེས་ཅན་ཞིག་བཟོས་ཡོད།
     འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ན། ཏོག་དབྱིབས་ནད་དུག་དཔྱད་ཆས་དེ་རིགས་གསུམ་པའི་སྨན་བཅོས་ཡོ་བྱད་ལ་བརྩིས་ནས་དོ་དམ་བྱེད་དགོས། མི་སྒེར་གྱིས་རིགས་གསུམ་པའི་སྨན་བཅོས་ཡོ་བྱད(རིགས་གཉིས་པ་ཚུད)གཉེར་སྐྱོང་ལས་སྒོ་སྤེལ་མི་ཆོག་པ་དང་། མི་སྒེར་གྱིས་གྲོགས་ཚོམས་སོགས་དྲ་རྒྱའི་ལས་སྟེགས་སུ་ཏོག་གསར་གདོད་འགོག་དཔྱད་ཆས་ཕྱིར་འཚོང་བྱེད་པ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཡིན།
     མི་སྒེར་གྱི་སྐད་འཕྲིན་ཐོ་ཨང་སྤྱད་དེ་གདོད་འགོག་དཔྱད་ཆས་དང་སྨན་རྫས་སོགས་བྲིན་ཚོང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བྱེད་སྤྱོད་དེ་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་མ་ཟད། 《མི་སྒེར་གྱི་སྐད་འཕྲིན་ཐོ་ཨང་བེད་སྤྱོད་ཚད་གཞི》དང་ཡང་འགལ་ཡོད། སྐད་འཕྲིན་བདེ་འཇགས་ཚོགས་པས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་ཡིན་པ་རེད།
     མི་སྒེར་གྱི་སྐད་འཕྲིན་ཐོ་ཨང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྐད་འཕྲིན་སྤྱོད་མཁན་གྱི་ཆ་འཕྲིན་བདེ་འཇགས་དང་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱ་ཆེད། བྱེད་ཐབས་གང་རུང་གི་ཐོག་ནས་གདོད་འགོག་དཔྱད་ཆས་དང་སྨན་རྫས་བྲིན་ཚོང་གི་ཆ་འཕྲིན་ཡོངས་བསྒྲགས་དང་། འགྲེམས་སྟོན། བརྒྱུད་བསྒྲགས་བཅས་བྱེད་པའི་མི་སྒེར་གྱི་སྐད་འཕྲིན་ཐོ་ཨང་ལ། སྐད་འཕྲིན་ཚོགས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་དང་། 《ཐེང་ཞིན་སྐད་འཕྲིན་གྱི་མཉེན་ཆས་ཆོག་འཐུས་དང་ཞབས་ཞུའི་གྲོས་མཐུན》 《མི་སྒེར་གྱི་སྐད་འཕྲིན་ཐོ་ཨང་བེད་སྤྱོད་ཚད་གཞི》བཅས་ཀྱི་གཏན་འབེབས་གཞིར་བཟུང་། སྒྲིག་འགལ་གྱི་ཚབས་ཆེ་ཆུང་ལ་གཞིགས་ནས་སྐས་རིམ་རྣམ་པས་ཐག་གཅོད་བྱ་རྒྱུ་རེད།
     སྐད་འཕྲིན་བདེ་འཇགས་ལྟེ་གནས་ཀྱིས་དྲན་སྐུལ་བྱས་དོན། 
     སྤྱོད་མཁན་གྱིས་དྲ་རྒྱར་བརྟེན་ནས་སྒྲིག་སྲོལ་དང་འགལ་ཏེ་སྨན་བཅོས་ཡོ་བྱད་དང་སྨན་རྫས་སོགས་ཕྱིར་འཚོང་བྱས་པ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་རེད། སྐད་འཕྲིན་སྤྱོད་མཁན་གྱིས་གླེང་མོལ་གྱི་ནུས་པ་དང་། ཚོགས་པ། གྲོགས་ཚོམས་སོགས་ཀྱི་ནུས་པ་བརྒྱུད་གོང་གསལ་གྱི་ཐོན་རྫས་གཉེར་ཚོང་གི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་དེའང་ལས་སྟེགས་ཀྱི་སྒྲིལ་སྲོལ་ལས་འགལ་ཡོད་པ་རེད། གཞན་ཡང་གྲོགས་པོར་རོགས་བྱས་ནས་གྲོགས་ཚོམས་དང་སྐད་འཕྲིན་ཚོགས་པར་གོང་གསལ་གྱི་ཐོན་རྫས་བརྒྱུད་བསྒྲགས་དང་དྲིལ་བསྒྲགས་བྱས་པ་དེའང་སྒྲིག་འགལ་གྱི་བྱ་སྤྱོད་ལ་གཏོགས་པ་རེད། 
     རྒྱ་ཆེའི་སྤྱོད་མཁན་གྱིས་རང་ཉིད་ཀྱི་སྐད་འཕྲིན་གྱི་ཐོ་ཨང་བཀོལ་སྤྱོད་བྱེད་དབང་ལ་གཅེས་སྤྲས་བྱས་ནས། བེད་སྤྱོད་བྱེད་པའི་བརྒྱུད་རིམ་ནང་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་སྟེགས་བུ་བཀོལ་སྤྱོད་ཀྱི་ཚད་གཞི་དང་འགལ་མི་རུང་། ང་ཚོས་ཀྱང་ཚང་མར་ཚད་ལྡན་གྱི་ཐབས་ལམ་བརྒྱུད་དེ་གདོད་འགོག་དཔྱད་ཆས་སམ་ཡང་ན་ཚ་བ་འཇོམས་བྱེད་ཀྱི་སྨན་རྫས་ཉོས་ནས་མགོ་སྐོར་ཐེབས་པར་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན།
     དེ་དང་ཆབས་ཅིག སྐད་འཕྲིན་ཚོགས་པས་ཀྱང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་སྤྱོད་མཁན་གྱི་གྲོས་མཐུན་སྒྲིག་སྲོལ་གཞིར་བཟུང་། སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཐག་གཅོད་བྱ་རྒྱུ་མ་ཟད། ད་དུང་སྐད་འཕྲིན་སྤྱོད་མཁན་གཞན་དག་གི་ཁྲིམས་མཐུན་ཁེ་དབང་ལ་གཞོགས་འདེགས་བྱས་ནས་སྲུང་སྐྱོང་བྱ་རྒྱུ་རེད། སྤྱོད་མཁན་གྱིས་གལ་ཏེ་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་དེ་རིགས་དང་ཡང་ན་མགོ་སྐོར་གཡོ་འཕྲུལ་གྱི་བྱེད་སྤྱོད་ཤེས་རྟོགས་ཐུབ་ཚེ། འཕྲལ་དུ་དུད་སྣེ་དང་ཡང་ན་བྱ་རིམ་ཆུང་གྲས་ཀྱི་ཐེང་ཞིན་སྐུ་སྲུང་པ་བརྒྱུད་ཞུ་གཏུག་བརྒྱབ་སྟེ་མཉམ་དུ་བདེ་འཇགས་དང་། སྐྱོན་བྲལ། ལྗང་མདོག་བཅས་ཀྱི་སྣོད་བཅུད་སྟེགས་བུའི་ཁོར་ཡུག་ཅིག་གཏོད་དགོས།