འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།སྟག་ཐོན་འདུག རི་མགོ་འགྲོ་རྒྱུ་བཀག་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་21ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྟག་ཐོན་འདུག རི་མགོ་འགྲོ་རྒྱུ་བཀག་ཡོད།
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་12ཚེས་19ཉིན་ཅི་ལིན་ཞིང་ཆེན་ཐེན་ཆའོ་ལིང་ནགས་ལས་ཅུས་དང་ཅི་ལིན་ཞིང་ཆེན་སྤྱི་བདེ་ཅུས་ཐེན་ཆའོ་ལིན་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁོངས་གཏོགས་དེའི་ནང་ཉེ་དུས་རི་སྐྱེས་བྱང་ཤར་སྟག་ཐེངས་མང་མཐོང་རྒྱུ་ཡོད་པས། ས་གནས་དེ་གའི“ནགས་ཚལ་ཉེན་རྟོག་གྲོང་རྡལ”དང“མི་ཕྱུགས་གདོང་ཐུག་ཡོང་བར་སྔོན་འགོག”གི་མཉམ་འགུལ་ལམ་སྲོལ་ཛ་དྲག་ངང་ལག་བསྟར་བྱས་ཏེ། མི་དང་བྱང་ཤར་སྟག་གི་བདེ་འཇགས་འགན་ལེན་བྱས་པ་རེད།
   ཟླ་12ཚེས་4ཉིན། ཐེན་ཆའོ་ལིང་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཞིན་ཧྭ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར། གྲོང་མི་ཞིག་གིས་རང་གིས་འགན་གཙང་བླངས་པའི་ལུང་ཤུར་དུ་རི་སྐྱེས་བྱང་ཤར་སྟག་གི་རྐང་རྗེས་མཐོང་བ་བཤད། མི་དམངས་ཉེན་རྟོག་པས་འཕྲལ་མར་སྲོག་ཆགས་སྲུང་སྐྱོབ་སྡེ་ཁག་དང་འབྲེལ་བ་བྱས་ཤིང་། དེ་རྗེས་ཡུལ་དངོས་སུ་མཉམ་འབྲེལ་ཐོག་རྩད་ཞིབ་བྱེད་པར་བསྐྱོད། འབྲེལ་ཡོད་ལས་དོན་མི་སྣས་ཚོད་དཔག་རགས་ཙམ་བྱས་པ་བརྒྱུད། དེ་ནི་རི་སྐྱེས་བྱང་ཤར་སྟག་ཕོ་ཞིག་གི་རྐང་རྗེས་ཡིན་པ་བརྡར་ཤ་ཆོད།
   ཉིན་10ཡི་རྗེས་སུ། ཐེན་ཆའོ་ལིང་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཀྲང་ཅ་ཏེན་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་ཉེན་བརྡ་བཏང་ནས། གཞུང་ལམ་ཞིག་གི་འགྲམ་དུ་རི་སྐྱེས་བྱང་ཤར་སྟག་གི་རྐང་རྗེས་དང་ཉལ་ཤུལ་མཐོང་རྒྱུ་ཡོད་པ་བཤད། ཡུལ་དངོས་ནས་རྩད་ཞིབ་དང་གསལ་འབྱེད་བྱས་པ་བརྒྱུད། དེ་ནི་རི་སྐྱེས་བྱང་ཤར་སྟག་གིས་ཟས་འཚོལ་བ་དང་ངལ་གསོ་རྒྱག་སྐབས་སུ་བཞག་པའི་རྗེས་ཤུལ་ཡིན་པ་རེད།
   ཉེ་ཆར། ཅི་ལིན་ཞིང་ཆེན་ཐེན་ཆའོ་ལིན་ནགས་ལས་ཅུས་ཀྱི་སྲོག་ཆགས་སྲུང་སྐྱོབ་ལས་དོན་མི་སྣས་དམར་ཕྱིའི་པར་ཆས་ཀྱི་དཔྱད་གཞི་ལེགས་སྒྲིག་བྱེད་སྐབས། ཟླ་12ཚེས་15ཉིན། གསར་དུ་ཕྱེ་བའི་ཁོངས་གཏོགས་ཁུལ་གྱི་ནགས་རའི་ནང་རི་སྐྱེས་བྱང་ཤར་སྟག་ཅིག་གི་པར་ལེན་ཐུབ་ཡོད། བརྙན་ལམ་དུ་རི་སྐྱེས་བྱང་ཤར་སྟག་གི་རྫིག་ཉམས་ཆེན་པོས་ནགས་ཚལ་དུ་འགྲོ་བཞིན་འདུག 
   རི་སྐྱེས་བྱང་ཤར་སྟག་གི་རྗེས་ཤུལ་ཡང་ཡང་མཐོང་ཡོད་པས། ཐེན་ཆའོ་ལིན་ནགས་ལས་ཅུས་དང་ཐེན་ཆའོ་ལིན་ནགས་ཚལ་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། “ནགས་ཚལ་ཉེན་རྟོག་གྲོང་རྡལ”གྱིས“མི་ཕྱུགས་གདོང་ཐུག་ཡོང་བར་”སྔོན་འགོག་བྱེད་པའི་མཉམ་འགུལ་ལམ་སྲོལ་བཙུགས་རྗེས། མི་དམངས་ཉེན་རྟོག་པ་དང་ནགས་རའི་སྲོག་ཆགས་སྲུང་སྐྱོབ་མི་སྣ་སོགས་ཀྱིས་རི་སྐྱེས་བྱང་ཤར་སྟག་ཕར་འགྲོ་ཚུར་འོང་བྱེད་པའི་ས་ཁུལ་དུ་རི་མགོ་དང་རྒྱ་རྙི་གཙང་སེལ་བྱས་ནས། རྒྱ་རྙི་དང་རྔོན་ཆས་སོགས་ཀྱིས་རི་སྐྱེས་བྱང་ཤར་སྟག་ལ་གནོད་འཚེ་མི་བཟོ་བ་དང་། རི་མགོར་འགྲོ་བའི་ལམ་མདོ་གཙོ་བོར་“སྟག་འགྲོ་འོང་བྱེད་བཞིན་འདུག”“རི་མགོར་བསྐྱོད་མི་ཆོག་པའི”ཉེན་བརྡ་བཏང་བ་མ་ཟད། ཁོངས་གཏོགས་ཁུལ་གྱི་གྲོང་མིར་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་གཏན་འབེབས་དྲིལ་བསྒྲགས་བྱས་ཏེ། མང་ཚོགས་ལ་ཉེ་ཆར་གཅིག་པུ་རི་མགོར་བསྐྱོད་རྒྱུ་ཉུང་དུ་གཏོང་གང་ཐུབ་བྱས་ནས་བྱང་ཤར་སྟག་དང་ཐུག་རྒྱུ་སྔོན་འགོག་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།