༄༅།།ཚོང་ལས་གཉེར་སྐྱོང་གི་གོམ་སྟབས་གསར་པ་སྤོས་པ། ཀྲུང་གོའི་རླངས་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ARJ21
ཕྱི་རྒྱལ་གྱི་ཚོང་ཤག་ལ་ཐོག་མར་རྩིས་སྤྲད་པ།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 12ཚེས་20ཉིན། 13:19】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2022ལོའི་ཟླ་12ཚེས་18ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པ་མ་ཟད། རང་བརྟེན་ཤེས་བྱའི་བདག་དབང་ཡོངས་སུ་ལྡན་པའི་རླངས་འབུད་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ARJ21ཕྱི་རྒྱལ་གྱི་ཚོང་ཤག་དང་པོ་ཧིན་རྡུ་ཉི་ཞི་ཡའི་ལིང་ཡ་མཁའ་འགྲུལ(TransNusa)ལ་དངོས་སུ་རྩིས་སྤྲད་པ་རེད། དེ་ནི་ཀྲུང་གོའི་རླངས་འབུད་འགྲུལ་སྐྱེལ་གནམ་གྲུ་ཕྱི་རྒྱལ་ཁྲོམ་རར་གཏོང་ཐེངས་དང་པོ་ཡིན་པ་དང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང“འཁོར་རྒྱུག་གཉིས”ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
ད་ཆ་ARJ21གནམ་གྲུ་བརྒྱ་ཙམ་རྩིས་སྤྲད་ནས་གཉེར་སྐྱོང་བྱས་ཟིན་པ་དང་། མཁའ་ལམ་300ལྷག་ཙམ་བཏོད་པ། གྲོང་ཁྱེར་100ལྷག་ཙམ་ལ་གནམ་གྲུ་ཤར་གཏོང་ཐུབ་པ། འགྲུལ་པ་མི་ཐེངས་ཁྲི་560ལྷག་ཙམ་བདེ་འཇགས་ངང་སྐྱེལ་འདྲེན་བཅས་བྱས་པས་གནམ་གྲུ་དེ་ནི་བདེ་འཇགས་ལྡན་ཞིང་བློས་འགེལ་ཆོག་པ་ཞིག་ཡིན་པ་ར་འཕྲོད་བྱུང་ཡོད།