འཚོལ་བཤེར།   
藏文频道
2024ལོའི་ཟླ་2ཚེས་2ཉིན།

༄༅།།མཚོ་སྔོན་གྱི“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི” ལས་གྲྭ་ཨ་མ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 12ཚེས་19ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་17ཉིན། “འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”ཆུ་ཡུར་ཨ་མ་བྱང་མའི་དུས་ཐེངས་གཉིས་པའི་ལས་གྲྭའི་སུམ་མདོ་ཆུ་མཛོད་ཆུ་སྒོ་བཀག་ནས་ཆུ་གསོག་འགོ་ཚུགས་པ་དེ་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི“ཆུ་བེད་ལས་གྲྭ་ཨང་དང་པོ”ཡིན་པའི“འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”ལས་གྲྭ་ཨ་མ་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་མཚོན་ཡོད།
     “འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”ལས་གྲྭ་ནི་ཆུའི་ཐོན་ཁུངས་བལྟོས་བཅས་ཀྱིས་འབེལ་བའི་འཇུ་ལག་ཆུ་བོ་ཏ་པན་རི་བོ་ནས་ཙོང་ཆུའི་འབབ་ཁུལ་དུ་འདྲེན་པ་ཞིག་ཡིན་ཞིང་། གཙོ་བོ“སྤྱིའི་མ་ཡུར་གཅིག་དང་། ཆུ་མཛོད་གཉིས། མ་ཡུར་གསུམ”བཅས་ལས་གྲུབ་པ་དེའང་ཆུ་འདྲེན་པའི་མ་ཡུར་དང་། རྡོ་ལུང་འགག་ཆུ་མཛོད། ཆུ་ནག་ཆུ་མཛོད། མ་ཡུར་བྱང་མའི་དུས་ཐེངས་དང་པོ། མ་ཡུར་བྱང་མའི་དུས་ཐེངས་གཉིས་པ། མ་ཡུར་ནུབ་མ་བཅས་ཡིན་པ་དང་། ཆུ་མཁོ་འདོན་གྱི་ཁྱབ་ཁོངས་ནི་ཙོང་ཆུ་འབབ་ཁུལ་གྱི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་ཡིན་པ་རེད།
     འཆར་འགོད་ལ་གཞིགས་ན། “འཇུ་ལག་ཆུ་ཙོང་ཆུར་འདྲེན་པའི”ལས་གྲྭ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་རྗེས་ཙོང་ཆུ་འབབ་ཁུལ་དུ“སྐམ་ཞིང་ཆུ་ཞིང་ལ་བསྒྱུར་བའི”སྤྱིའི་རྒྱ་ཁྱོན་མུའུ་ཁྲི་100མང་དུ་ཕྱིན་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་མི་ཁྲི་300ཡི་འཐུང་ཆུ་དང་། ཙོང་ཆུའི་གཞུང་རྒྱུན་གྱི་བཟོ་ལས་གླིང་ཁག་གི་ཐོན་སྐྱེད་ཆུ། ཤར་རྒྱུད་ལེ་དབར་བརྒྱ་ཡི་ཁྱམས་རིམ་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་འབྲོག་ལས་ཀྱི་ཆུ་དང་དེ་བཞིན་སྐྱེ་ཁམས་ཆུ་བཅས་མཁོ་འདོན་བྱེད་རྒྱུ་ཡིན་པ་རེད།